| e-texts navigator |
| Wylie |
158a1 ངད@སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་གསུམ་དུ་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ།།
158a2 ཀུན་དུ་རབ་ཏུ་འགུལ་ཏོ།། ལྡེགས་ཀུན་དུ་ལྡེབས། ཀུན་དུ་རབ་ཏུ་ལྡེགས་སོ།། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་འདུག་ཅིང
158a3 གསིལ་ཡབ་ཐོགས་ནས། བཅོམ་ལྡན་འདས་ལ་གཡོབ་ཅིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས
158a4 ཇི་ལྟར་གཟུང་བར་བགྱི། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ནི། རྒྱུའི་དྲ་བ་ཞེས་བྱ་བར་ཟུང་ཤིག། དོན་གྱི་དྲ་བ་དང་། ཆོས་ཀྱི་དྲ་བ་དང་། ཚངས
158a5 པའི་དྲ་བ་ཞེས་བྱ་བར་ཡང་ཟུང་ཤིག། དེ་བས་ན་ཚངས་པའི་དྲ་བ་ཞེས་བྱ་བ་འདི་ནི་ཆོས་ཀྱི་རྣམ་གྲངས་འདིའི་ཚིག་བླ་དག་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ
158a6 སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡིད་རངས་ཏེ་མངོན་པར་བསྟོད་དོ།། བར་གྱི་སྡོམ་ནི། རྟག་དང་གཅིག་པུ་རྒྱུ་མེད་དང་། མཐའ་ལྡན་དེ
158a7 བཞིན་ལྷ་མི་སྤོང་།། འདུ་ཤེས་འདུ་ཤེས་མེད་ཅན་དང་།། ཆད་དང་མྱ་ངན་འདས་པ་དང་།། དམྱགས་དང་ཀུན་ནས་རྨུགས་པ་དང་།། རྟེན་དང་རེག་པ་དགེ་སློང་དང་།། རྒྱུ་དང་།
158a8 དོན་ཆོས་དྲ་བ་སྟེ། ཐ་མ་ཚངས་པའི་དྲ་བའོ།། ཚངས་པའི་དྲ་བ། རྫོག་སྟེ།། བཀྲ་ཤིས། མངྒ་ལཾ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚའོ།།