e-texts navigator
Collection
Volume
Page
Wylie

109b1 གི་འབྲས་བུ་བཞི་ཐོབ་པ་མེད་དོ།། དེ་ལྟར་ངའི་སློབ་མ་རྣམས་ཀྱིང་། རྒྱལ་པོའི་སྲིད་སྟོང་པ་འམ། བྱ་འདབ་མ་མེད་པ་དང་འདྲ་སྟེ། ཙུག་ལག་ཁང་དང་མཆོད་རྟེན
109b2 ཡང་སྟོང་ཞིང་ཞིག་རལ་གསོ་བ་ཡང་མེད་དོ།། དེ་ལྟར་སྐུ་གཟུགས་དང་བ་དན་དང་རིན་པོ་ཆེའི་བདུགས་ཡོད་པ་ཡང་དགྲ་ཆ་ཞིག་པ་དང་འདྲ་སྟེ། ཕུག་རོན་དང
109b3 བྱིའུ་དང་ཕག་དང་ཁྱི་དང་། ལུག་ལ་སོགས་པའི་ཚངས་དང་གནས་སུ་འགྱུར་རོ།། དགེ་སློང་སོ་སོའི་ན་འདུག་པའི་གནས་ནི་བྱི་དོར་བཟང་དུ་བྱེད་དེ། བཅོམ
109b4 ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ཡང་ཁྱེད་ལ་མདོ་ཞིག་བཤད་པ་ཡིན་ནོ།། དགའ་བོས་སངས་རྒྱས་གསུངས་པ་ཐོས་ནས་མཆི་མ་བླགས་ཏེ་དུས་སོ།། དེ་ལྟར
109b5 དགའ་བོས་ཡིད་གདུང་ཞིང་མ་ཏང་བ་ལས། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱེད་དེ་ལྟར་མ་དུ་བར་མདོ་སྡེ་འདི་གཟུངས་སུ་གཟུང་ལ།
109b6 འཇིག་རྟེན་དུ་རྒྱས་པར་སྤེལ་ཅིག། དེ་ནས་དགའ་བོས་མཆི་མ་མཆིས་ནས། བཅོམ་ལྡན་འདས་ལ་བདག་གི་གཟུགས་སུ་བཟུང་ངོ་ཞེས་གསོལ་ཏོ།། བརྒྱ་བྱིན
109b7 དང་ལྷ་དང་མི་རྣམས་ཀྱིས་ཀྱང་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་བདག་ཅག་གི་ཡོངས་སུ་བཟུང་སྟེ། གང་ཞིག་མདོ་སྡེ་འདི་རི་འམ། ཚལ་ལམ།
109b8 ཤིང་དྲུང་ངམ། བས་མཐའ་འམ། དུར་ཁྲོད་ན་གནས་ཏེ། འདོན་ཏམ་ཀློག་ན་བདག་ཅག་གི་ལྷ་དང་མིའི་འཁོར་དང་། མི་མ་ཡིན་དང་བཅས་ཏེ་གནས་དེར་འགྲོ་ཞིང་།




iiif viewer powered by OpenSeadragon

109a - 110a

Texts on this page

F291 - 'phags pa ting nge 'dzin mchog dam pa