| e-texts navigator |
| Wylie |
109a1 སྒྲ་ཐོས་སོ།། ཞེས་ཟེར་བ་དང་འདྲ། དམུས་ལོངས་མང་པོ་ཚོགས་ཏེ། འཇིག་རྟེན་ན་འཇམ་དཔལ་དང་། འོད་སྲུང་ཆེན་པོ་ལ་སོགས
109a2 སྤྲུལ་ཏེ། དེའི་ནང་ཞུགས་ཀྱང་། ཀུན་ཀྱང་བརྡེག་ཅིང་གཤེ་ཏེ་སྐྲོད་ཅིང་འདུག་དུ་མི་སྟེར་རོ།། གཞན་ཡང་དཔེར་ན་སེང་གེ་ནི་སྤོས་ཀྱི་རི་ལ་གནས་ཏེ། རི་དགས་དང་།
109a3 ཅན་ཟན་དང་ཡང་གནས་དེར་ཉེ་མི་བཟོད་དོ།། སེང་གེ་ནི་རི་དེ་ལས་བྱུང་སྟེ། སོང་བའི་འོག་ཏུ་ནི་ཅན་ཟན་བདུག་པ་ཁྲོ་བོ་ལ་སོགས་པ་གཅིག་གིས་ཅིག་བོས་ནས། སྤོས་ཀྱི
109a4 རི་ལས་ལྷགས་ནས། འབྲས་བུའི་ཞིབ་པོ་ཟ་ཞིང་ཆུ་ཚིག་ལ་འཐུང་ངོ་།། དེ་ལྟར་ཟ་ཞིང་འཐུང་བ་ལ་ཐམས་ཅད་སྐེམས་ཤིང་མེད་པར་གྱུར་ཏེ། སྤོས་ཀྱི་རི་ལ་གནས་པའི
109a5 ལྷ་རྣམས་ཀྱང་སྐྱོབ་པར་མི་འགྱུར་བས་རྩ་བདུག་པ་སྐྱེས་ཏེ་ཟོས་མ་ཐག་ཏུ་ཚེའི་དུས་བྱས་པར་གྱུར་ཏོ།། ང་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་ཐམས་ཅད་ཀྱིས་ངས
109a6 སྙན་པའི་མདོ་སྡེ་བཅུ་གཉིས་འདོན་ཅིང་ཀློག་པ་ཡང་གོང་མ་ནི་བར་དུ་བཅུག། བར་མ་ནི་འོག་དུ་ཅུག། འོག་མ་ནི་གོང་དུ་བཅུག། བར་མ་ནི་འོག་དང་ཐ་མར་ཅུག་སྟེ།
109a7 དོན་མ་ཡིན་པ་ལ་ནི་དོན་ཞེས་ཟེར། དོན་ལ་ནི་དོན་མ་ཡིན་གྱིས་ཟེར་ཏེ། ཇི་ལྟར་མུ་སྟེགས་ཅན་དག་སོ་སོ་ནས་ངའི་གཞུང་འདི་བདེན་པ་ཡིན་ནོ།། ཞེས་ཟེར་བ་དང
109a8 འདྲའོ།། དེའི་དུས་ན་མདོ་སྡེ་བཅུ་གཉིས་འཇིག་རྟེན་ན་སྤྱོད་ཀྱང་གཟི་བརྗིད་དང་མཐུ་མེད་དེ། ལ་ལ་ཞིག་དང་འདོན་ཏམ་ཀློག་ཀྱང་མི་ཅིག་འགའ་ཡང་དགེ་སློང