| e-texts navigator |
| Wylie |
108b1 ཞིག་ཡིན་ན་ཡང་། སངས་རྒྱས་ཀྱི་ཆོས་སྟོན་པ་ཡང་། ཁྲི་ཙམ་ལ་ཅིག་ཙམ་ཡང་ཐོག་ཏུ་མི་ཕེབས་ཏེ། འཁོར་མང་པོ་དང་འགྲོགས་ནས་གྲོང་རྒྱུ་ཞིང་ཁྱིམ་དུ་ཞུགས་ནས།
108b2 ཁྱིམ་པ་ལ་ཆོས་སྟོན་པ་དང་། ཁེ་དང་གྲགས་པའི་ཕྱིར་ཏེ། ལོངས་སྤྱོད་མང་དུ་སོགས་ཤིང་ཤན་པ་དང་འདྲའོ།། ཤ་དང་ཆང་ལ་མི་སྤྱོད་པ་དག་གིས་དགེ་སློང་དག་ཁྱེད
108b3 ནི་བཙུན་པ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་ན། སྙིང་རྗེ་བའི་སེམས་ཀྱང་མེད་དེ། འདི་ལྟར་ཆོས་མ་ཡིན་པ་དུ་སྤྱོད་པས། ཁྱེད་ནི་ཤན་པ་དང་འདྲའོ།།
108b4 ཞེས་སྤྱོད་ཅིང་རྒྱད་པར་འགྱུར་རོ།། དགེ་སློང་དག་དེ་སྐད་གཤེ་བ་ཐོས་ནས་ཀུན་ལོག་ཏེ། དེ་ལ་རྡེག་པ་དང་བརྒྱད་བཀག་སྟེ། གཅིག་ལ་གཅིག་འདི་སྐད་དུ་སྨྲའོ།།
108b5 དེ་བཞིན་གཤེགས་པ་བཞུགས་པའི་ཚེ་ན་ནི། ངེད་ཤ་ཟ་བ་དང་ཆང་ཐུང་བ་མ་གནང་སྟེ། དེ་ངེད་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ད་ནི་ཐམས་ཅད་ཅི་ཡང
108b6 གནང་བས། དེད་ཤ་དང་ཚད་ཆང་ཐུང་བ་ཡིན་ནོ།། ཁྱིམ་པ་དང་བྲལ་བའི་འོག་ཏུ་དེ་དག་ཅིག་ལ་ཅིག་བདག་ཅག་གི་ཤེས་པ་ནི་སངས་རྒྱས་ཀྱི་ཞལ་ནས་གསུངས་པ
108b7 དང་འདྲའོ་ཞེས་སྨྲ་ཞིང་། ལ་ལ་ནི་ཚིག་འཁྱལ་པ་དང་དོན་མེད་པའི་ཚིག་དང་། འགྲན་དོར་གྱི་ཚིག་དང་། འཁྲུལ་པའི་ཚིག་ཏུ་གཏམ་སྨྲ་ཞིང་། དཔེར་ན་དམུས
108b8 ལོང་ཞིག་འཛུབ་མེ་ཉི་མ་ལ་བཙུགས་ནས་ཉི་མ་ཡ་གི་ནི་ཆུང་ངོ་།། ཡངས་སོ།། དོག་གོ་ཞེས་སྨྲ་བ་དང་། མི་འོན་པ་ཞིག་བདག་གི་གནས་ཀྱི་སྟེང་ན་ཆོས་འཆང་བའི