| e-texts navigator |
| Wylie |
49b1 གོམ་པ་རེ་རེ་གཏེར་དང་ནི།། པད་མ་རེ་རེ་འབྱུང་བར་འགྱུར།། ཕྱོགས་བཞི་དག་ཏུ་གཟིགས་ནས་ནི།། བདག་གིས་སྐྱེ་བ་ཐ་མ་ནི།། འདི་ཡིན་ཡང་།
49b2 སྲིད་ཡོད་མ་ཡིན། ཡང་དང་ཡང་དུ་ཕྱིར་མི་འོང་།། ཟག་མེད་མྱ་ངན་འདས་འགྲོ་ཞེས།། གསུང་ཡང་རབ་ཏུ་བཀའ་བསྐུལ་ཏོ།། ཀླུ་རྣམས
49b3 ཀྱིས་ནི་ཆུའི་རྒྱུན།། བསིལ་དང་འཛེམ་པས་སྐུ་བསིལ་འགྱུར། ནམ་མཁའི་ངོས་ནས་ལྷ་རྫས་ཀྱིས། གོས་དང་མེ་ཏོག་འབབ་པར་འགྱུར།
49b4 དེའི་དབུ་ལ་གདུགས་དཀར་པོ།། ལྷ་རྣམས་ཀྱིས་འཛིན་པར་འགྱུར། མཚན་མཆོག་སུམ་བཅུ་རྩ་གཉིས་མངའ།། བྱམས་པ་དཔལ་གྱི
49b5 འབར་བ་དེ།། མ་ས་ཡང་དག་བླངས་ནས་སུ།། ཡུམ་གྱི་ཕྱག་དུ་འབུལ་བར་འགྱུར།། རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི། ཁྱོག་ནི་ཡིད་དུ་འོང
49b6 བ་ལ།། སྲས་དང་བཅས་པ་བཞུག་གསོལ་ནས།། ལྷ་རྣམས་ཀྱིས་ནི་ཁྱེར་བར་འགྱུར།། སིལ་སྟོང་ཕྲག་དུ་མ་དག། སྒྲ་འབྱིན་ཁྲོལ་བའི་གྲོང་ཁྱེར
49b7 དེར།། བྱམས་པ་གཤེགས་པ་ཙམ་གྱིས་ནི།། མེ་ཏོག་ཆར་བ་འབས་པར་འགྱུར།། དེའི་ཉིན་པར་སྦྲུམ་པའི།། བུད་མེད་རྣམས་ཀྱང་བཙས
49b8 འགྱུར་ཏེ།། དེ་དག་ཐམས་ཅད་ཉམས་བདེ་ཞིང་།། བདེ་ལེགས་སུ་བཙས་པར་འགྱུར།། ཚངས་རབས་མཚན་མཆོག་སུམ་བཅུ་གཉིས།།