| e-texts navigator |
| Wylie |
48a1 ། སྤྲོ་བ་ཆེ་དང་ལྡན།། ལུས་ཆེ་ཁ་དོག་ལྡན་པ་སྟེ། མཚན་པོ་ཆེའི་སྟབས་དང་ལྡན།། ནང་ནི་གསུམ་ཞིག་འབྱུང་འགྱུར
48a2 ཏེ། འདོད་དང་མི་ཟ་རྒའོ།། བུ་མོ་ལེ་ནི་ལྔ་བརྒྱ་དག། ལོན་ནས་བུ་མོ་བག་མར་འགྲོ།། དེ་ཚེ་ཏོག་ལྡན་ཞེས་བྱའི།། རྒྱལ་པོའི་ཕོ་བྲང་འགྱུར་ཏེ།། སྲེག
48a3 ཆགས་དགེ་བའི་ལས་བྱེད་པ། སེམས་ཅན་རྣམས་ཀྱིས་གནས་ཡིན་ནོ།། ཆུར་ནི་དཔག་ཚད་བཅུ་གཉིས་ཏེ།། རྒྱར་ནི་དཔག་ཚད་བདུན་ཡོད་པ།། བསོད
48a4 ནམས་བྱས་པ་རྣམས་དག་གིས།། གྲོང་ཁྱེར་ཡིད་འོང་འབྱུང་འགྱུར།། རིན་ཆེན་བདུན་ལས་བྱས་པའི་མཐོ།། ར་བ་འཕང་དུ་རྒྱང་གྲགས་ཙམ།། ཤིང་ཐག
48a5 དང་ནི་སྒོ་གང་རྣམས།། རིན་ཆེན་སྣ་ཚོགས་དག་གི་བརྒྱན།། རིན་ཆེན་སོ་པག་གིས་བརྩིགས་ཤིང་།། པདྨ་ཨུད་དཔལ་གཅལ་དུ་བཀྲམ།། དུ་ར་བར་མ
48a6 མཛེས་པས་བྱས་པ་ཡིས།། འོབས་ཀྱང་འབྱུང་བ་ཁོ་ནར་འགྱུར། འཁོར་ཡུག་དུ་ནི་ཏ་ལ་ཡི།། ཕྲེང་བ་བདུན་གྱིས་ཡོངས་སུ་བསྐོར།། དྲིལ་བུའི་དྲ་བས
48a7 མཛེས་བྱས་པའི།། རིན་ཆེན་བཞི་རྒྱུའི་ཏ་ལ་དག། རླུང་བསྐྱོད་ཏ་ལ་དེ་དག་ལས།། སྙན་པའི་སྒྲ་ནི་འདི་ལྟར་འཔེར།། སིལ་སྙན་ཡན་ལག་ལྔ་ལྡན་བཞིན།།
48a8 དེ་ལས་ཡིད་འོང་སྒྲ་གྲགས་འགྱུར། མི་རྣམས་གང་དག་གྲོང་ཁྱེར་དེར། རྩེ་དགའ་བདེ་དོན་གཉེར་བ་རྣམས་སོ།། དེ་དག་ཏ་ལའི་སྒྲ་དེ་ཡིས།། རབ་ཏུ