e-texts navigator
Collection
Volume
Page
Wylie

166b1 རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ།། འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་བྱེད་པས།། ཞིང་ལྟ་བུའོ།།
166b2 འཇིག་རྟེན་ཐམས་ཅད་བརྟན་པས་ས་ལྟ་བུའོ།། དབུལ་བ་ཐམས་ཅད་ཡང་དག་པར་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད
166b3 ཡོངས་སུ་བསྲུང་བས་ཕ་ལྟ་བུའོ།། དོན་ཐམས་ཅད་ཡང་དག་པར་བསྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ།། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར
166b4 བྱེད་པར་བུམ་པ་བཟང་པོ་ལྟ་བུའོ།། ཉོན་མོངས་པའི་དགྲ་ཕམ་པར་བྱ་བ་ལ་མདུང་ཐུང་ལྟ་བུའོ།། ཚུལ་བཞིན་མ་ཡིན་པ་ལ་བྱེད་པ་འགེགས་པས་གོ་ཆ་ལྟ་བུའོ།།
166b5 ཉོན་མོངས་པའི་མགོ་ལྟུང་བར་བྱེད་པས་རལ་གྲི་ལྟ་བུའོ།། ཉོན་མོངས་པའི་ཤིང་གཅོད་པས་སྟ་རེ་ལྟ་བུའོ།། རྩེ་བ་ཐམས་ཅད་ལ་སྐྱོབ་པས་མཚོན་ཆ་ལྟ་བུའོ།། །
166b6 འཁོར་བ་ཆུའི་ནང་ན་གནས་པ་སྟེང་དུ་འབྱིན་པས་མཆིལ་མ་ལྟ་བུའོ།། སྒྲིབ་པ་དང་ཁེབས་པའི་རྩ་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་ལྟ་བུའོ།། །
166b7 བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་ཐམས་ཅད་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ།། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ
166b8 མཆོག་རྟེན་པས་མཆོད་རྟེན་ལྟ་བུའོ།། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཡོན་ཏན་དེ་དག་དང་། ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ།།




iiif viewer powered by OpenSeadragon

166a - 167a

Texts on this page

F272 - bslab pa kun las btus pa