| e-texts navigator |
| Wylie |
166a1 ཐེག་པའི་མཆོག་ཡིན་ཏེ།། དེས་ནི་འདྲེན་པ་ངེས་པར་འབྱུང་།། དེ་ཕྱིར་བློ་དང་ལྡན་པའི་མི།། དད་པའི་རྗེས་སུ་འབྲང་བ་སྟེན།།
166a2 མཱ་དད་པ་ཡི་མི་ཡི་ནི། དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།། ས་བོན་མེ་ཡི་ཚིག་པ་ལས། མྱུག་སྔོན་པོ་ཇི་བཞིན་ཞེས་འབྱུང་ངོ་།། དེ་བས་ན་འཕགས་པ་རྒྱ
166a3 ཆེར་རོལ་པའི་མདོ་ལས་བསྟན་ཏེ།། ཀུན་དགའ་བོ་དད་པ་ལ་སྦྱོར་བར་གྱིས་ཤིག། འདི་ནི་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པའོ།། ཞེས་འབྱུང་ངོ་།།
166a4 དེ་སྐད་དུ་སེང་གེས་ཞུས་པ་ལས་ཀྱང་།། དད་པས་མི་ཁོམ་སྤོང་བར་འགྱུར།། ཞེས་བཀའ་སྩལ་པ་ཡིན་ནོ།། དེ་ལྟར་དད་པའི་རྩ་བ་བརྟན་པར་བྱས་ལ།། བསོད
166a5 ནམས་ཐམས་ཅད་བསྡུ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་བཏན་པར་བྱའོ།། སེང་གེས་ཞུས་པ་ལས་ཇི་སྐད་འབྱུང་བ་བཞིན་ཏེ།། བཅོམ་ལྡན་འདས་ལ་རྒྱལ
166a6 བུ་སེང་གེས་ཞུས་པ།། ཆོས་རྣམས་ཐམས་ཅད་བསྡུ་བ་ནི།། ཆོས་གང་གིས་ན་ཐོབ་པར་འགྱུར།། གང་དང་གང་དུ་སྐྱེས་པ་དེར།། བྱང་ཆུབ་སེམས་དཔའ
166a7 དགའ་བ་ཐོབ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ཐར་བར་བྱ་བའི་ཕྱིར། བྱང་ཆུབ་དོན་དུ་སེམས་བཏུད་པ།། དེས་ནི་ཆོས
166a8 རྣམས་ཐམས་ཅད་ཐོབ།། དེས་ནི་དགའ་བ་འང་ཐོབ་པར་འགྱུར།། ཞེས་འབྱུང་ངོ་།། དེ་སྐད་དུ་འཕགས་པ་སྡོང་པོར་བཀོད་པའི་མདོ་ལས་ཀྱང་བརྗོད་དེ།།