e-texts navigator
Collection
Volume
Page
Wylie

165b1 དེ་དག་ལྷག་པའི་བསམ་པ་དམ་པ་མཆོག། གང་དག་ལྷག་བསམ་དམ་པ་མཆོག་ལྡན་པ།། དེ་དག་རྟག་པར་ཕ་རོལ་ཕྱིན་ལ་སྤྱོད།། གང་དག་རྟག་དུ་ཕ་རོལ་ཕྱིན
165b2 སྤྱོད་པ།། དེ་དག་ཐེག་པ་ཆེན་པོ་འདི་ལ་ཞུགས། གང་དག་ཐེག་པ་ཆེན་པོ་འདིར་ཞུགས་པ།། དེ་དག་སངས་རྒྱས་རྣམས་ལ་སྒྲུབ་པས་མཆོད།། གང་དག་སྒྲུབ
165b3 པས་སངས་རྒྱས་མཆོད་བྱེད་པ།། དེ་དག་སངས་རྒྱས་རྗེས་སུ་དྲན་མི་བྱེད།། གང་དག་སངས་རྒྱས་རྗེས་སུ་དྲན་བྱེད་པ།། དེ་དག་རྟག་དུ་སངས་རྒྱས་བསམ་ཡས
165b4 མཐོང་།། གང་དག་སངས་རྒྱས་བསམ་ཡས་རྟག་མཐོང་བ།། དེ་ལ་ནམ་ཡང་སངས་རྒྱས་མི་བཞུགས་མིན། གང་དག་ནམ་ཡང་སངས་རྒྱས་མི་བཞུགས་མིན།།
165b5 དེ་དག་པར་སྐབས་ཆོས་ལས་ཉམས་མི་འགྱུར།། ཞེས་འབྱུང་བ་ལ་སོགས་པ་ཡོན་ཏན་དད་པའི་རྩ་བ་ལས་བྱུང་བ་རྒྱས་པར་མཐའ་ཡས་པ་ཞིག་དེ་ལས་འབྱུང་སྟེ།
165b6 དེ་མ་རྫོགས་ནས་ཡང་མདོར་གསུངས་པ། འདི་འདྲའི་ཚེ་འདར་གང་དག་དང་གྱུར་པ།། སེམས་ཅན་སོ་སོའི་ཚོགས་ན་དཀོན།། གང་དག་དགེ་བསགས་བསོད
165b7 ནམས་བྱས་གྱུར་པ།། དེ་དག་རྒྱུའི་སྟོབས་ཀྱི་འདི་ལ་དད་།། ལ་ལས་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ།། བདེ་བ་ཀུན་གྱི་བསྐལ་པར་སྙེན་བཀུར་ཀྱང་།། ཆོས
165b8 འདིར་དད་པའི་བསོད་ནམས་ཅི་འདྲ་བ། བསོད་ནམས་ཁྱད་པར་དེ་འདྲ་དེ་ལ་མེད་ཅེས་འབྱུང་ངོ་།། དེ་སྐད་དུ་ཆོས་བཅུའི་མདོ་ལས་ཀྱང་བཤད་དེ།། དད་པ




iiif viewer powered by OpenSeadragon

165a - 166a

Texts on this page

F272 - bslab pa kun las btus pa