e-texts navigator
Collection
Volume
Page
Wylie

165a1 @ཞན་མི་ངོམས་པ།། དེ་དག་ཆོས་ལ་མོས་པ་བསམ་མི་ལྡག།། གང་དག་ནག་དུ་དགེ་འདུན་དང་གུས་པ།། དེ་དག་མི་ལྡོག་དགེ
165a2 འདུན་དད་པ་ཡིན།། གང་དག་མི་ལྡོག་དགེ་འདུན་རབ་དད་པ།། དེ་དག་དང་པའི་སྟོབས་ཀྱི་མི་ལྡོག་འགྱུར།། གང་དག་དད་པའི་སྟོབས་ཀྱིས་མི་ལོག་པ།། དེ
165a3 དག་དབང་པོ་རྣོ་ཞིང་རབ་དུ་གསལ།། གང་དག་དབང་པོ་རྣོ་ཞིང་རབ་ཏུ་གསལ།། གང་དག་དབང་པོ་རྣོ་ཞིང་རབ་གསལ་བ། དེ་དག་སྡིག་པའི་གྲོགས་པོ་རྣམ་པར་སྤངས།།
165a4 གང་དག་སྡིག་པའི་སྒྲོགས་པོ་རྣམ་སྤངས་པ།། དེ་དག་ཆོས་ལྡན་གྲོགས་ཀྱི་ཡོངས་བཟུང་བ། དེ་དག་དགེ་བ་རྒྱ་ཆེན་སོགས་པར་བྱེད། གང་དག་དགེ་བ་རྒྱ་ཆེན
165a5 སོགས་བྱེད་པ། བདག་ཉིད་ཆེན་པོ་དེ་དག་རྒྱུ་སྟོབས་ཅན།། བདག་ཉིད་ཆེན་པོ་རྒྱུ་སྟོབས་གང་ལྡན་པ།། དེ་དག་མོས་པའི་ཁྱད་པར་རྒྱ་ཆེར་འགྱུར།། གང་དག
165a6 མོས་པའི་ཁྱད་པར་རྒྱ་ཆེ་བ།། དེ་དག་རྒྱ་བླ་ཀུན་གྱིས་རྟག་བྱིན་བརླབས།། གང་དག་རྒྱལ་བ་ཀུན་གྱིས་བྱིན་བརླབས་པ།། དེ་དག་བྱང་ཆུབ་དོན་དུ་སེམས་ཀྱང་བསྐྱེད་པ།།
165a7 དེ་དག་དྲང་སྲོང་ཆེན་པོའི་ཡོན་ཏན་བརྩོན།། དྲང་སྲོང་ཆེན་པོའི་ཡོན་ཏན་གང་བརྩོན་པ།། དེ་དག་རིགས་མཐོ་སངས་རྒྱས་རིགས་སུ་སྐྱེ། གང་དག་རིགས་མ
165a8 སངས་རྒྱས་རིགས་སྐྱེས་པ།། དེ་དག་མཉམ་ཉིད་སྦྱོར་དང་མི་སྦྱོར་སྤང་།། མཉམ་ཉིད་སྦྱོར་དང་མི་སྦྱོར་གང་སྤངས་པ།། དེ་དག་དད་དང་བསམ་པ་རྣམ་དག་པ།།
165a9 ར་གང་དག་བྱང་ཆུབ་དོན་ཏུ་སེམས་བསྐྱེད་པ།




iiif viewer powered by OpenSeadragon

164b - 165b

Texts on this page

F272 - bslab pa kun las btus pa