| e-texts navigator |
| Wylie |
164b1 ཅད་བསྲུང་ཞིང་འཕེལ་བར་བྱེད།། དོགས་པ་སེལ་ཅིང་ཆུའོ་རྣམས་ལས་སྒྲོལ།། དད་པའི་བདེ་བས་གྲོང་ཁྱེར་མཚོན་བྱེད་ཡིན། དད་པ་རྙོག་པ་མེད་ཅིང་སེམས་དང
164b2 བྱེད། ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། དད་པ་གཏེར་དང་རྐང་པའི་མཆོག། ལག་པ་བཞིན་དུ་དགེ་བསྡུད་རྩ་བ་ཡིན། དད་པ་ཡོངས་སུ་གཏོང་ལ་དགའ
164b3 བར་བྱེད། དད་པ་རྒྱལ་པོའི་ཆོས་ལ་རབ་དགའ་བསྐྱེད། དད་པ་ཡོན་ཏན་ཡེ་ཤེས་ཁྱད་པར་བྱེད།། སངས་རྒྱས་གོ་འཕང་སྟོན་ཅིང་ཐོབ་པར་བྱེད།། དབང་པོ་རྣོ་ཞིང
164b4 རབ་ཏུ་གསལ་བར་བྱེད། དད་པའི་སྟོབས་ལ་གཞན་གྱི་མི་རྫི་ཞིང་། ཉོན་མོངས་རྣམ་པར་སེལ་བའི་བཞི་རྟེན་ཡིན། དད་པ་རང་འབྱུང་ཡོན་ཏན་རྣམས་ཀྱང་ཚོ་ལ།
164b5 དད་པ་ཆགས་པའི་སྒོ་ལ་ཆགས་པ་མེད།། མི་དལ་སྤངས་ཤིང་དལ་བའི་མཆོག་ཅིག་ཡིན། དད་པ་བདུད་ཀྱི་ལམ་ལ་འདའ་བྱེད་ཅིང་། ཐར་པའི་ལམ་མཆོག
164b6 སྟོན་པར་བྱེད་པ་ཡིན། ཡོན་ཏན་ཞིང་གིས་ས་བོན་མ་རུལ་བ།། དད་པ་བྱང་ཆུབ་ཞིང་ནི་རྣམ་པར་སྐྱེད།། ཡེ་ཤེས་ཁྱད་པར་ཡོན་ཏན་འཕེལ་བར་བྱེད།། དད་པ
164b7 རྒྱལ་བ་ཐམས་ཅད་སྟོན་པ་ཡིན།། གང་དག་རྟག་ཏུ་སངས་དང་གུས་པ།། དེ་དག་ཚུལ་ཁྲིམས་སླབ་པར་མི་འདོར་བར། ཡོན་ཏན་ལྡན་ཏེ་ཡོན་ཏན་ལྡན་པས་སྟོད།། །
164b8 གང་དག་རྟག་དུ་ཆོས་ལ་དང་གུས་པ།། དེ་དག་རྒྱལ་བའི་ཆོས་ཉན་ངོམས་པ་མེད།། གང་དག་རྒྱལ་བའི་ཆོས་ཉན་ངོམས་པ་མེད།། གང་དག་རྒྱལ་བའི་ཆོས