e-texts navigator
Collection
Volume
Page
Wylie

164a1 @མདོ་སྡེ་སྣ་ཚོགས་ལས་དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་ཡང་རྙེད་པར་དཀའ། སངས་རྒྱས་འབྱུང་བ་ཡང་རྙེད་པར་དཀའ། དབང
164a2 པོ་མ་ཚང་བ་མེད་པ་ཡང་རྙེད་པར་དཀའ། སངས་རྒྱས་ཀྱི་ཆོས་མཉན་པ་ཡང་རྙེད་པར་དཀའ། སྐྱེས་བུ་དམ་པ་དང་འགྲོགས་པ་ཡང་རྙེད་པར་དཀའ། དགེ་བའི་བཤེས།
164a3 གཉེན་རྣམས་ཀྱང་རྙེད་པར་དཀའ། ཡང་དག་པའི་ཚུལ་རྗེས་སུ་བསྟན་པ་ཉེ་བར་སྦྱོར་བར་ཡང་རྙེད་པར་དཀའ། ཡང་དག་པར་འཚོ་བར་བྱ་བ་ཡང་རྙེད་པར་དཀའ།
164a4 མིའི་འཇིག་རྟེན་ན་ཆོས་དང་རྗེས་སུ་འཐུན་པར་ཆོས་ལ་ནན་ཏན་བྱེད་པ་ཡང་རྙེད་པར་དཀའ། ཞེས་འབྱུང་ངོ་།། དེ་ལྟ་བུ་དང་ཕྲད་པ་ལ་རྟེན་ནས་སེམས་ཅན་ཆེན་པོ་དག་ལ།
164a5 འདི་ལྟ་བུའི་རྟོག་པ་འབྱུང་ངོ་།། འདི་ལྟར་བདག་དང་། གཞན་དག་ཀྱང་། འཇིགས་དང་སྡུག་བསྔལ་མི་འདོད་ན། བདག་དང་བྱེ་བྲག་ཅི་ཡོད་ཀྱི།། གང་དག་དེ་བསྲུང
164a6 གཞན་མི་བསྲུང་སྙམ་སྟེ།། བདག་དང་སེམས་ཅན་ཁམས་རྣམས་ཀྱི། སྡུག་བསྔལ་མཐར་འབྱིན་པར་འདོད་དང་། བདེ་བའི་མཐར་ཡང་འགྲོ་འདོད་པས། དད་པའི
164a7 རྩ་བ་བརྟན་བྱས་ཏེ། བྱང་ཆུབ་ལ་ཡང་བློ་བརྟན་བྱ།། དཀོན་མཆོག་ཏ་ལ་ལའི་གཟུངས་ལས་གསུངས། རྒྱལ་དང་རྒྱལ་བའི་ཆོས་ལ་དང་གྱུར་ཅིང་། སངས་རྒྱས་ཀྱི
164a8 སྤྱོད་ལ་དད་བྱེད་ལ། བྱང་ཆུབ་བླ་ན་མེད་པ་དང་གྱུར་ནས། སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ།། དད་པ་སྔོན་འདྲེན་མ་ལྟར་སྐྱེད་པ་སྟེ། ཡོན་ཏན་ཐམས




iiif viewer powered by OpenSeadragon

163b - 164b

Texts on this page

F272 - bslab pa kun las btus pa