e-texts navigator
Collection
Volume
Page
Wylie

327a1 ཆོས་། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེན། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ།། ལྷའི་ཙན་དན་གྱི་ཕྱེ་མའི་ཆར་ཕབ་པོ།།
327a2 ལྷའི་མེ་ཏོག་གི་ཆར་ཡང་ཕབ་པོ།། ལྷའི་འོད་ཀྱི་སྣང་བ་ཡང་བྱུང་ངོ་།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་གང་སུ་དག་སོང་དུ་སྐྱེས་པ
327a3 དེ་དག་ཐམས་ཅད་ཀྱང་ངན་སོང་རྣམས་ལས་ཡོངས་སུ་གྲོལ་བར་གྱུར་ཏོ།། ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། སྲིན་པོའི་དབང་པོ་དང་།
327a4 མིའི་དབང་པོ་དེ་དག་ཐམས་ཅད་ཀྱིས་གནས་རྣམས་ཀྱང་སྣང་བར་གྱུར་ཏོ།། ལྷའི་སིལ་སྙན་གྱི་སྒྲ་དག་ཀྱང་གྲག་གོ། འོད་དག་ཀྱང་སྣང་བར་གྱུར་ཏོ།། ལྷའི་སྤོས་ཀྱི་ངད
327a5 ཀྱང་ལྡང་བཪྵ་ཏོ།། དེ་ནས་དེ་དག་ཐམས་ཅད་ཆོ་འཕྲུལ་ཆེན་པོ་དེ་མཐོང་ནས་ཡ་མཚན་དུ་གྱུར་ཏེ། འདི་སྙམ་དུ་སེམས་སོ།། གནས་འདི་དག་སྣང་བར་གྱུར་པ་འདི་དང་།
327a6 ཆོ་འཕྲུལ་ཆེན་པོ་སྣང་བར་གྱུར་པ་འདི་དང་། ས་ཆེན་པོ་གཡོས་པ་འདི་དང་། མེ་ཏོག་གི་ཆར་ཆེན་པོ་འབབ་པ་འདི་སུའི་མཐུ་ཡིན། སུའི་བྱིན་གྱིས་བརླབས་ཡིན་སྙམ་ནས།
327a7 དེ་དག་ཅུང་གཅིག་ཅང་མི་ཟེར་བར་སེམས་ནས། གཅིག་ལ་གཅིག་འདི་སྐད་དུ། འདི་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ།། འདི་ནི་དེ་བཞིན་གཤེགས་པའི་རྣམ
327a8 འཕྲུལ་ཡིན་ནོ་ཞེས་སྨྲས་སོ།། དེ་ནས་རྒྱལ་པོ་བཞི་སྙམ་དུ་སེམས་ཏེ། བདག་ཅག་དེ་བཞིན་གཤེགས་པ་ལ་ལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། ཆོས་མཉན




iiif viewer powered by OpenSeadragon

326b - 327b

Texts on this page

F268 - 'phags pa chos thams cad kyi yon tan bkod pa'i rgyal po zhes bya ba theg pa chen po'i mdo