| e-texts navigator |
| Wylie |
326b1 གཞན་མུ་སྟེགས་ཅན་སྤྱོད་པ་དང་། ཀུན་ཏུ་རྒྱུ་དང་གཅེར་བུ་པ་དྲུག་སྟོང་དང་། ན་མཁའ་ལྡིང་གི་རྒྱལ་པོ་བདུན་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་དག
326b2 ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་བསྐོར་བ་བྱས་ནས། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར། ལྷའི་མེ་ཏོག་གི་ཆར་མངོན་པར་ཕབ
326b3 པོ།། ཙན་དན་གྱི་ཕྱེ་མའི་ཆར་ཡང་མངོན་པར་ཕབ་པོ།། ལྷའི་སིལ་སྙན་དང་། ཕེག་རྡོབ་པ་དག་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་བསླས
326b4 སོ།། གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་མངོན་པར་དད་པ་དེ་དག་ཐམས་ཅད་ཀྱི་ཀྱང་། ཚིག་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལེག
326b5 སོ་ལེགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་ཉོན་མོངས་པ་ཐམས་ཅད་ཟད་པར་བགྱིད་པ་འདི་རྫུ་འཕྲུལ་ཆེ་སྟེ། ལེགས་སོ་ལེག་སོ།།
326b6 དེ་ནས་བཅོམ་ལྡན་འདས་དེའི་ཚེ། ཉོན་མོངས་ཐམས་ཅད་རྣམ་པར་འཇོམས་པ། རྡུལ་མེད་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།
326b7 ཏིང་ངེ་འཛིན་དེའི་མཐུས། ས་ཆེན་པོ་མཐོ་བ་དང་དམའ་བར་བྱ་སྟེ། འགུལ་རབ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ
326b8 གཡོས། ལྡེག་རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། ཀུན་རབ་ཏུ་ལྡེག། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། འུར་འུར། རབ་ཏུ་འུར་འུར