| e-texts navigator |
| Wylie |
326a1 ཚུས་གཟུངས་ཐོབ་པ། ཆགས་པ་མེད་པའི་ཡེ་ཤེས་མཐོང་བ། སྤྱོད་ཡུལ་ཆགས་པ་མེད་པ་ཟེནས། ཐབས་མཁས་པ།
326a2 ཁམས་གསུམ་ཐམས་ཅད་ལ་སེམས་སྙོམས་པ། ཕན་པ་དང་། སྙིང་རྩེ་བའི་ལྷག་བསམ་པ་ལ་ཞུགས་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་འབྲེལ་པའི
326a3 གཏམ་འདྲི་བ་ཤ་སྟག་ལ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ
326a4 བརྩོན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཉམ་པ་ཉིད་ལ་གནས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གཡོ་བ་དང་།
326a5 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོང་ཆེན་པོ་དང་། བྱང་ཆུབ་སེམས་དང
326a6 སེམས་དཔའ་ཆེན་པོ་སྤོབས་པ་མཐའ་ཡས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་གནོན་བློ་གྲོས་དང་། བྱང་ཆུབ་སེམས་དཔའ
326a7 སེམས་དཔའ་ཆེན་པོ་སྤྱན་རང་གཟིགས་དབང་ཕྱུག་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་ཉིས་བརྒྱ་དང་། བརྒྱ་བྱིན
326a8 དང་། ཚངས་དང་། འཇིག་རྟེན་པ་རྣམས་དང་། ཀླུའི་རྒྱལ་པོ་རྣམས་དང་། སྲིན་པོའི་བདག་པོ་ཐམས་ཅད་དང་། གནོད་སྦྱིན་མོ་སུམ་བརྒྱ་དང་།