| e-texts navigator |
| Wylie |
325b1 འབྱུང་བ་བཞིན་དུ་བྱེད་པ་པོས་མ་བྱས་པར་སེམས་ཅན་རྣམས་མི་སྐྱེ་བོ་ཞེས་ཟེར་བ་དེ་བསལ་བའི་ཕྱིར། སྐྱུར་གྱི་དཔེ་བསྟན་ཏེ། སྔར་འཐུངས་པ་དང
325b2 ཟ་མྱོང་བས་ཕྱིས་བརྗོད་པས་འགྲམ་མཆུ་ལྡང་བ་བཞིན་དུ། ལས་དང་ཉོན་མོངས་པ་སྔར་སྤྲད་པའི་དབང་གིས་ཕྱིས་སྐྱེ་བ་ལེན་ཏོ།། ཀྱེ་རྒྱལ་པོ་ཆེན་པོ
325b3 སེམས་ཅན་སྐྱེ་བ་དང་། འཇིག་པ་འདི་དང་ཚེ་ཕ་རོལ་ཏུ་འཕོ་བ་དང་། ཇི་ལྟར་འགྱུར་བ་དག་ནི་དེ་ལྟར་མཁྱེན་པར་མཛོད་ཅིག། བཅོམ་ལྡན
325b4 འདས་ཀྱིས་དེ་སྐད་ཅེས་བཀའ་བསྐུལ་པ་ལ་འཁོར་འདུས་པ་ཐམས་ཅད་ཡི་རངས་ཏེ་མངོན་པར་བསྟོད་ཏོ།། འཆི་འཕོ་བ་ཇི་ལྟར་འགྱུར་བ་བསྟན་པའི
325b5 མདོ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨཱརྱ་སརྦ་དྷརྨཱ་གུ་ཎ་བྱཱ་ཧ་རཱ་ཛ་ནཱ་མ་ཧཱ་ཡ་ན་སུ་ཏྲ།
325b6 བོད་སྐད་དུ། འཕགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ
325b7 སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མིའི་ཚལ
325b8 བྱ་ཀ་ལན་ད་ཀ་གནས་པ་ན། དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཉིས་རྒྱ་ཐམས་ཅད་ཀྱང