e-texts navigator
Collection
Volume
Page
Wylie

311a1 འདསའདོད་པ་རྣམས་ལ་ཆགས་མྱོས་ནས།། ཤིན་ཏུ་སྡིག་པའི་ལས་བྱས་ཤིང་།། ཚུལ་ཁྲིམས་ཅན་དག་བསྲུངས་བྱས་ནས།།
311a2 ཕྱིས་ནི་ངན་འགྲོར་འགྲོ་བར་འགྱུར།། ཤེས་རབ་ཅན་གྱིས་དལ་རྙེད་ཅིང་།། དེ་འདྲིའི་ཆོས་ནི་ཐོས་གྱུར་ནས།། འདོད་ཀུན་སྤངས་ནས་འདི་ལ་ནི།། མཁས་པ
311a3 མངོན་བྱང་རང་བྱུང་ཤིང་།། རྒྱལ་པོ་ཆེན་པོ་སྐྱེས་པ་འདོད་པ་ལ་བསྟེན་པ་རྣམས་ཀྱི་སྐྱོན་ནི་དེ་དག་ཡིན་ཏེ།། འདོད་པའི་གཞི་དང་།། འདོད་པའི་རྨ་དང་། འདོད
311a4 པ་ལས་ལྷག་པར་ཞེན་པ་རྣམས་ནི། སེམས་ཅན་དམྱལ་བ་རྣམས་ཀྱི་ཚོར་བ་མྱོང་བར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། ཁྱོད་ཀྱིས་རྟག་པར་རྒྱུན་ཏུ།
311a5 སངས་རྒྱས་རྗེས་སུ་དྲན་པར་བསྒོམ་པར་བྱའོ།། ཁྱོད་ཀྱི་ལུས་སུ་གཏོགས་པའི་སེམས་རྗེ་སུ་དྲན་པ་བསྒོམ་པར་བྱའོ།། དེ་ལྟར་བཅོམ་ལྡན་འདས་ཀྱི།
311a6 བད་སའི་རྒྱལ་པོ་ཆར་བྱེད་ལ། དེ་ལྟར་དེ་ལྟར་ཆོས་བསྟན་པ་མཛད་དེ། ཆོས་བསྟན་པ་དེས། བད་སའི་རྒྱལ་པོ་འཆར་བྱེད་དེ་བཞིན་གཤེགས་པ་ལ་དགའ
311a7 པ་དང་། རབ་ཏུ་དགའ་བ་དང་། མཆོག་ཏུ་དགའ་བ་ཐོབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ། བད་སའི་རྒྱལ་པོ་ཆེར་བྱེད་ཀྱི་འདི་སྐད་ཅེས་གས
311a8 ཏོ།། བཅོམ་ལྡན་འདས་ཅི་རྩམ་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སྐྱེས་པ




iiif viewer powered by OpenSeadragon

310b - 311b

Texts on this page

F266 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u