e-texts navigator
Collection
Volume
Page
Wylie

310a1 འངསཔུ།། སྡུག་བསྔལ་ཚོར་བ་མྱོང་བར་བྱེད།། གང་དག་བདེ་ཕྱིར་དོན་མིན་པར།། སྔན་ཆད་ཉེས་པར་སྤྱད་བྱས་ཀྱང་།
310a2 བ་མ་དེ་དག་རིང་ནི།། རྣམ་པར་གྲོལ་བའི་མཐུ་ཡང་མེད།། གང་དག་བདེ་ཕྱིར་དོན་མིན་པར།། སྔན་ཆད་ཉེས་པར་སྤྱད་བྱས་ཀྱང་།། བུ་དང་བུ་མོ་ནུང
310a3 མ་རྣམས།། དེ་རིངས་བདག་ལ་འགྲེལ་མི་ནུས།། གང་དག་བདེ་ཕྱིར་དོན་མིན་པར།། སྔན་ཆད་ཉེས་པར་སྤྱད་བྱས་ཀྱང་།། མཛའ་བཤེས་ཉི་དུ་དེ
310a4 དག་ཀུན།། རྣམ་པར་འགྲེལ་བར་ཡོད་མི་ནུས།། གང་དག་བདེ་ཕྱིར་དོན་མིན་པར།། སྔན་ཅད་ཉེས་པར་སྤྱད་བྱས་ཀྱང་།། བདག་གི་རྩ་ལམ་དེ་དག་ཀུན།།
310a5 དེ་རིང་འབྲེལ་བར་མི་ནུས་སོ།། འདོད་པ་དམན་པ་རྣམས་སྟེན་ཅིང་།། དམན་པའི་ཆོས་རྣམས་བསྟན་ན་ནི།། ཉེས་པའི་ལས་རྣམས་བྱེད་པ་དག
310a6 དེ་ཡིས་ངན་འགྲོར་འགྲོ་བར་འགྱུར།། ཤེས་རབ་འཆལ་པ་མནར་མེད་པར།། སོང་ནས་སྡུག་བསྔལ་ཚོར་བ་མྱོང་།། སངས་རྒྱས་རྣམས་ཀྱིས་བུད་མེད
310a7 དག། ཕྱི་སའི་དྲི་ལྟར་མནམ་པར་བསྒྲགས།། དེ་ཕྱིར་དམན་པ་རྣམས་དང་ནི།། དབེན་པའི་བུད་མེད་རྣམས་བསྟེན་པ།། བྱིས་པ་དེ་ནི་ཕྱི་ས་ཡི།། རྒྱལ
310a8 བ་བཟུང་ནས་གནས་པ་ཡིན།། ཅི་འདྲེའི་ལས་ནི་བྱེད་པ་ལྟར།། དེ་འདྲིའི་འབྲས་བུ་ཐོབ་གྱུར་ཏེ།། རྒྱལ་པོ་ཡི་ནི་ཆད་པ་དང་།། སྡུག་བསྔལ་བསྔལ




iiif viewer powered by OpenSeadragon

309b - 310b

Texts on this page

F266 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u