| e-texts navigator |
| Wylie |
437a1 པར་སྤྱོད་དང་དུལ་བ་དང་།། བརྩེར་ལྡན་དམ་ཆོས་ལེགས་པར་དགོངས།། རིགས་བྱེད་ཐལ་ཁྱམ་པས་ཀྱང་།། གཡུལ་ངོར་དགྲ
437a2 མངོན་འོངས་གསོད་ཅེས།། འཇིག་རྟེན་སྨྲའི་ཁྱོད་ཀྱིས་ནི།། དགྲ་ལའང་སྙིང་རྗེ་བྱ་ཞེས་གསུངས།། གཞོན་ནུས་རང་གི་ཞང་པོ་ལ།། བས་གིས་སྣུན་ཅེས་བཀ
437a3 མཆིད་གདའ།། དཔའ་བོ་ཁྱོད་ཀྱིས་ཉོན་མོངས་པའི།། དྲ་བ་ཤེས་རབ་མཚོན་གྱིས་དྲལ།། ཁྱབ་འཇུག་གིས་ནི་རང་ཉིད་ཀྱི།། ལྷས་ཀྱང་ཡོངས་སུ་བསྐྱབ་མ་ནུས།།
437a4 གཙོ་བོ་ཁྱོད་ནི་སེམས་ཅན་ཀུན།། བསྐྱབ་པའི་སླད་དུ་བརྩོན་པ་ལགས།། རྒན་པོས་འཇིགས་པས་འཕྲིགས་ནས་སུ།། ཁྱབ་འཇུག་གིས་ནི་བཅོམ་བརླག་བཏང་།
437a5 ཐུབ་པ་ཁྱོད་ལ་བརྙེངས་བགྱིད་པའི།། སེམས་ཅན་དེ་ནི་འགའ་མ་མཆིས།། ཁྱབ་འཇུག་གི་ནི་གཉེན་འདུན་དག། ལེ་ལན་གིས་ནི་གདུགས་པར་གྱུར།། ཁྱོད
437a6 ཀྱིས་གཉེན་འདུན་ཐམས་ཅད་ནི།། འཁོར་བ་ལས་ནི་རྣམ་པ་བཀྲོལ།། སེར་སྐྱ་དེ་ཉིད་རིག་པས་ནི།། གཙོ་ལས་འགྲོ་བ་སྐྱེ་བར་བཤད།། ཁྱོད་ཀྱིས་འགྲོ་བ་སྐྱེ
437a7 བ་ནི།། ཉོན་མོངས་ལས་ལས་བྱུང་བར་བསྒྲགས།། མུ་སྟེགས་གཞན་གྱི་གཞུང་ལུགས་ལ།། ཇི་ལྟ་ཇི་ལྟར་རྣམ་བསམས་པ།། དེ་ལྟ་དེ་ལྟར་མགོན་ཁྱོད་ལ།
437a8 བདག་གི་སེམས་ནི་དད་པར་གྱུར།། དེ་ལྟར་ཐམས་ཅད་མཁྱེན་མིན་པའི།། གྲུབ་མཐའི་སྐྱོན་གྱིས་རླག་སེམས་ལྡན།། བསམ་རླག་རྣམས་ཀྱིས་སྐྱོན་མེད་པའི།།