| e-texts navigator |
| Wylie |
436a1 གྱིས་བསྲེགས།། དེ་ལ་རང་ཁྱོད་ནི་ཐུགས་རྗེ་མཛད།། སེང་སྐྱ་ལ་སོགས་ཐར་པ་ཡི།། བདག་ནི་སྲིད་པའི་རྒྱུ་ཞེས་མཆི།། ཁྱོད་ནི་ཞི་བ
436a2 གཤེགས་གྱུར་ནས།། བཞུགས་གུམ་ལྟ་བུར་བགྲང་དུ་མེད།། མུ་སྟེགས་བྱེད་པ་ཁ་ཅིག་ནི།། ཐར་པ་འགྲོ་དང་ལྡན་ཞེས་སྨྲ།། གང་ལ་འགྲོ་ཡོད་དེ་འཁོར་བར།། ཁྱོད
436a3 ཀྱིས་ཐུགས་སུ་ཆུད་ནས་བསྟན།། གཅེར་བུ་ཀུན་དགའ་ར་བ་སོགས།། བརྩིགས་པ་སྡིག་པའི་རྒྱུ་ཞེས་ཟེར།། ཐམས་ཅད་མཁྱེན་པའི་ཁྱོད་ཀྱིས་ནི།། དེ་ཉིད་བསོད
436a4 ནམས་རྒྱུ་ཞེས་གསུངས།། ལུས་ལས་ལུས་གཞན་དག་ཏུ་ནི།། རྟག་པའི་སྲོག་ནི་འཕོ་ཞེས་གྲག། ཁྱོད་ཀྱིས་ལུས་ལས་གཞན་གྱུར་པའི།། སྲོག་ཡོད་པ་ནི་མིན
436a5 ཞེས་གསུངས།། ཁྲོས་པས་གཡུལ་ངོར་བསད་ན་ནི།། བདེ་འགྲོར་འགྱུར་བར་རྒྱས་པ་ཟེར།། མགོན་པོ་ཁྱོད་ཀྱིས་གནས་བསྐབས་དེའི།། སེམས་ནི་ངན་འགྲོ་ཡིན
436a6 ཞེས་གསུངས།། སྐྱེ་བ་སེང་བུ་ནི་བརྗོད་བྱས་ན།། བསོད་ནམས་འགྱུར་ཞེས་སོ་སོ་སྨྲ།། གང་ཞིག་བགྲོད་མིན་འགྲོ་བྱེད་པ།། དེ་དག་ཁྱོད་ཀྱིས་བསྟན་ལ་སྨད།།
436a7 སྐེམ་བྱེད་དབང་པོ་ཉེ་དབང་པོ།། དྲག་པོ་ལ་སོགས་འཇིགས་པ་དང་།། བསྡིགས་ཕྱིར་མཚོན་ཆ་རྟག་ཏུ་ཐོགས།། ཁྱོད་ནི་བརྣངས་བྲལ་བསྡིགས་མི་མཛདཀ་ཁྱོད
436a8 ནི་སུས་ཀྱང་མི་བསྙེངས་ལ།། སུ་ལའང་བསྡིགས་པར་མི་མཛད་པས།། ཁྱོད་ཉིད་ཅིག་པུ་མཚོན་མི་བསྡམས།། དེས་ན་འགྲོ་བ་རྣམས་ལས་སྤགས།། སྨའོ