| e-texts navigator |
| Wylie |
435b1 རྣལ་འབྱོར་དབང་ཕྱུག་སྤྱོད་པ་གང་།། དེ་ནི་མི་ཤེས་སྤྱོད་པ་རབས།། དབང་པོ་བཤོལ་མེད་བྱི་བོ་ཞེས།། བྲམ་ཟེ་ད་དུང་རབ་ཏུ་སྒྲོགས།། ཁྱོད་ཀྱིས་འབྲས་བུ་མཆོག
435b2 བརྙེས་པའི།། གྲགས་པ་བརྒྱ་བྱིན་སྒྲོགས་པར་གྱུར།། ཁྱབ་འཇུག་གིས་ནི་ནག་བཀྲ་བོ།། བྲེད་འཐོམས་གྱུར་ནས་ཀུན་ད་གཏོང་།། ཁྲིའི་འོག་ཏུ་ཞུགས་པར
435b3 གྱུར། གཙོ་ཁྱོད་ཀུན་ཏུ་སྙེངས་མི་མངའ།། སྐྱེ་དགུའི་བདག་པོ་རང་ཉིད་ཀྱི།། བུ་མོ་དང་ནི་འཁྲི་ཞེས་ཐོས།། ཐུབ་པ་ཁྱོད་ཀྱི་སློབ་མ་ཡང་།། ཚངས་པར་སྤྱོད་ལ་སྐྱོན་མ
435b4 མཆིས།། བྲམ་ཟེ་རྣམས་ནི་དགེ་སྡིག་དག། སྦྱིན་པ་ལེན་བཞིན་འཕོ་བར་སྨྲ།། ཁྱོད་ཀྱིས་བྱས་ཆུད་མི་ཟ་དང་།། མ་བྱས་པ་དང་ཕྲད་མེད་གསུངས།། སེར་སྐྱེས་བདག་གི
435b5 མཚན་ཉིད་ནི།། ཤེས་དང་ལྡན་པར་ཡོངས་སུ་བརྟགས།། ཁྱོད་ཀྱི་དེ་ལྟ་ཡིན་ན་བདག། མི་རྟག་ཉིད་དང་ལྡན་ཞེས་བསྟན།། གཟེགས་ཟན་གིས་ནི་ཤེས་ལས་བདག
435b6 བཞན་དང་ཁྱད་པར་ཡོངས་སུ་བརྗོད།། ཁྱོད་ཀྱིས་དེ་ནི་ཤེས་མེད་ན།། ཤིང་དང་འདྲ་བར་ཐལ་འགྱུར་གསུངས།། གཅེར་བུ་ལུས་ཀྱི་ཚད་བཞིན་དུ།། སྲོག་ནི་ཞུམ་དང
435b7 རྒྱས་པར་སྨྲ།། ཁྱོད་ཀྱིས་དེ་ནི་ཕྱོགས་ཅིག་ཕྱིར།། རྣམ་པར་འཇིག་པར་འགྱུར་ཞེས་གསུངས།། བྲམ་ཟེས་འགྲོ་བ་རྣམས་ཀྱི་རྒྱུ།། སྐྱེས་བུ་བརྟག་པ་ཡིན་ཞེས་བརྟགས།
435b8 ཁྱོད་ཀྱིས་བརྟག་པ་ཞེས་བྱ་བའི།། རྒྱུན་ནི་ཅི་ཡང་མེད་ཅེས་གསུངས།། བདག་ཉིད་ཆེན་པོ་དུག་ཅན་པའི།། སྲས་པོ་སྟོང་ཕྲག་དྲུག་ཅུ་དག། སེར་སྐྱས་བལྟས་པ་ཙམ།