| e-texts navigator |
| Wylie |
434b1 འགྱུར།། ཁྱོད་ཀྱི་ཡེ་ཤེས་མེ་ཡིས་ནི།། སྐྱེ་བོ་རྣམས་ཀྱི་སྐྱེ་རྒྱུ་བསྲེགས།། རྒྱས་པ་དྲན་པའི་མཐུ་ཆུངས་པས།། མང་པོ་བགྱིས་པའི་ཚིག་དག་ནི།། ལྟ་འོག་འགལ་བཱ།
434b2 གྱུར་ཅེས་ཐོས།། ཐུབ་པ་ཁྱོད་ཀྱི་ཀུན་ཀྱང་མིན།། གླིང་ལས་སྐྱེ་སོགས་ཕལ་ཆེར་ནི།། གཞན་གྱིས་གང་སྨྲས་སྨྲ་བར་བགྱིད།། ཁྱོད་ཀྱིས་ཐུན་མོང་མ་ཡིན་ཆོས།། རང
434b3 གིས་ཐུགས་སུ་ཆུད་ནས་བསྟན།། མུ་སྟེགས་ཅན་གྱི་རིག་བྱེད་ཚིག། དབེན་པ་ཁོ་ནར་སྨྲ་བར་བགྱིད།། ཁྱོད་ཀྱི་བསྒྲགས་ནས་སེང་གེ་ཡི།། སྒྲ་ཡིས་ཆོས་དག་བསྟན
434b4 པ་མཛད།། གྲངས་ཅན་བྷ་ར་དྭ་ཛ་ནི།། དེ་ཉིད་མཐོང་ཡང་དཔྱིད་ལྡན་ལ།། ཡོངས་སུ་ཆགས་ཀྱི་གཙོ་ཁྱོད་ཀྱི།། སློབ་མའང་བུད་མེད་ཉིད་མ་ཆགས།། འུག་པ་བས་ནི
434b5 སར་པ་ལས།། ཁྱད་པར་ཅན་ལ་སྦྱིན་ཞེས་བསྟན།། མགོན་པོ་ཁྱོད་ནི་ཐུགས་རྗེ་ཡིས།། ཀྱི་ལའང་སྦྱིན་པར་བྱ་ཞེས་གསུངས།། ལུས་ཀྱི་དཀའ་ཐུབ་བགྱིས་པ་ཡིས།།
434b6 མདུད་པ་འཇིག་པར་གཅེར་བུ་འཚལ།། ཁྱོད་ནི་ཐུག་ཀྱི་དཀའ་ཐུབ་ཀྱིས།། མདུད་པ་འཇིག་པར་བཞེད་པ་ལགས།། རྟོ་གེ་བ་དག་དངོས་པོ་རྣམས།། ལྟོས་པ་མེད་པར
434b7 འགྲུབ་པར་འཚལ།། ཚིག་དབང་ཁྱོད་ཀྱིས་ཅུང་ཟད་ཀྱང་།། མི་ལྟོས་མེད་ཅེས་ལེགས་པར་གསུངས།། ནེ་ཙོས་ཉི་མ་བརྟོལ་ནས་ནི།། ཐར་པར་མཆིས་པར་བཤད་ཅེས
434b8 གྲག། ཁྱོད་ནི་མྱ་ངན་འདས་རྗེས་ལ།། གང་དུ་ཡང་ནི་གཤེགས་མ་མཆིས།། ཐར་པ་གཞན་གྱུར་པ་དང་ནི།། ནེ་ཙེའང་ལམ་གཞན་སོང་བར་གྱུར།། ཁྱོད་ཉིད་ལམ་གང