e-texts navigator
Collection
Volume
Page
Wylie

434a1 པ་ན། དྲུག་ལྡན་མ་དང་ལྷན་ཅིག་སྤྱོད།། ཁྱོད་ཀྱིས་འཁྲིག་པའི་སྦྱར་བ་བདུན།། ཐལ་བ་བཞིན་དུ་བགྱིས་པར་གྱུར།། ཚངས
434a2 སྩོལ་འཇིག་རྟེན་འབྱིན་པ་པོ།། བདག་ཅག་ཡིན་པར་སྨྲ་ཞེས་གྲག། དེ་ཉིད་གཟིགས་ཁྱོད་འཇིག་རྟེན་དང་།། དེ་ཡང་ལས་ལས་སྐྱེས་ཞེས་བསྟན།། བརྒྱ་བྱིན་གྱིས་ནི
434a3 གཤོལ་མེད་མ།། མཐོན་ན་འདོད་པས་རྨོངས་ཞེས་གྲག། དཔའ་ཁྱོད་འདོད་པ་ཉིད་ཀྱིས་ན།། མ་རྨོངས་སླད་དུ་བཙུན་མོ་བཏང་།། སྒྲ་ཅན་ལགས་པས་ཟླ་བ་ཡང་།
434a4 དབང་མེད་པར་ནི་མིད་པ་ལགས།། མངའ་བརྙེས་ཁྱོད་ལ་སེམས་ཅན་གང་།། དབང་མེད་བགྱིད་པ་དེ་མ་མཆིས།། མི་དབང་དགའ་བྱེད་གོས་སྲེད་སོགས།། ནགས་ཚེལ
434a5 ནས་ནི་ཕྱིར་ཡང་མཆིས།། བདེ་གཤེགས་ཁྱོད་ནི་དབེན་པ་ཡི།། བདུད་རྩིས་ངོམས་པས་ཕྱིར་མི་བྱོན།། མཆོད་སྦྱིན་ལ་ནི་ཕྱུགས་དགུམ་པར།། དྲང་སྲོང་རྣམས་ནི་སྨྲ་ཞེས
434a6 གྲག། སྡིག་མེད་ཁྱོད་ཀྱིས་གྲོག་མ་ལའང་།། གནོད་པ་བགྱིད་པར་རྗེས་མ་སྣང་།། གཞན་དག་རང་དོན་མཆོད་སྦྱིན་ལ།། གཞན་སྲོག་མར་གྱི་སྦྱིན་སྲེག་བགྱིད།། གཞན
434a7 གྱི་དོན་དུ་ཁྱོད་ཅིག་པུ།། རང་གི་སྲོག་གི་སྦྱིན་སྲེགས་མཛད།། དྲང་སྲོང་སྨོད་པ་གྲུབ་པ་ལས།། དཀའ་ཐུབ་གྲུབ་པར་རྗེས་སུ་དཔག། ལྷ་ཆེན་འདོད་པ་ཅན་གྱི་མཚན།
434a8 དྲང་སྲོང་རྣམས་ཀྱི་སྨོད་པས་ལྷུང་།། ཁྱོད་ཀྱི་ཕུང་ཁྲོལ་བ་དག་གི། རྩ་བ་འདོད་པ་ཉིད་ལྷུང་བགྱིས།། དྲང་སྲོང་དམོད་པ་མི་བཟད་པས།། སྐྱེ་བོ་ཕལ་པ་བསྲེགས་པར




iiif viewer powered by OpenSeadragon

433b - 434b

Texts on this page

F251 - khyad par du 'phags par bstod pa