e-texts navigator
Collection
Volume
Page
Wylie

433b1 དགའ་དད་པས།། དེའི་ཡོན་ཏན་གང་བསྒྲགས་པ།། ཁྱོད་ཀྱི་བསྟན་ལ་དེ་དག་བསྐྱོན།། ལྷ་ཆེན་ཁྲོས་པའི་མདའ་ཅིག་གིས།། གྲོང་ཁྱེར་གསུམ་བརྩེགས་བསྲེགས་ཤེས
433b2 གདའ།། ཁྱོད་ཀྱི་ཡེ་ཤེས་མདའ་ཆེན་གྱིས།། ཁྲོ་བའི་མེ་ཉིད་ངེས་པར་བསྲེགས།། ལྷ་ཆེན་གྱིས་ནི་འདོད་པ་དག། བསྲེགས་ཉེས་པས་ན་ཕྱིར་ཡང་དྲངས།། ཁྱོད་ཀྱི་ཡེ
433b3 ཤེས་ཞུགས་ཀྱིས་ནི།། འདོད་པ་རྩར་བཅས་བསྲེགས་ནས་བཏོན།། ལྷ་ཆེན་ཐིག་ལེ་མཆོག་མ་ལ།། ཆགས་པ་སྐྱེས་པས་གདོང་བཞི་བྱུང་།། བདུད་ཀྱི་བུ་མོ་བསྐྱེགས་པ
433b4 ཡིས།། ཁྱོད་ཀྱི་བ་སྤུའི་རྩེ་མི་གཡོས།། ལྷ་ཆེན་ཕྱེད་ནི་ཆུང་མ་བས།། དུར་པ་ཡིས་ཀྱང་ཐུག་མ་ལགས།། ཁྱོད་ནི་བདེ་བར་བགྱིད་པ་ཡི།། འདོད་པ་ཉིད་ཀྱིས་རྨོངས་མ་གྱུར།། །
433b5 འཁོར་མདུང་ཐུབ་ཅན་དག་གིས།། བདུད་སྟོབས་དེ་ལས་རྒྱལ་མི་ནུས།། ཁྱོད་ནི་འཁོར་ལོ་མདུང་མེད་པར།། བྱམས་པའི་མཚོན་གང་ལགས་པས་རྒྱལ།། མགོན་པོས
433b6 ཁྱབ་འཇུག་མངའ་ཡིས་བསྣུན།། ལྷ་ཆེན་འགྲིན་པ་སྔོན་གྱུར་པས།། ལྷ་འདི་གཉིས་ལ་གནོད་བགྱིད་མཆིས།། མགོན་ཁྱོད་གནོད་བགྱིད་བྲལ་བ་ལགས།། ཁྱབ་འཇུག
433b7 མིའུ་ཐུང་གཟུགས་བསྒྱུར་ནས།། གཡོ་ཐབས་ཀྱིས་ནི་སྟོབས་ལྡན་བསླུས།། ཁྱོད་ནི་གཡོ་ཡང་ངོ་ཟིན་ལ།། གཞན་དག་ལ་ཡང་སྲུ་མི་མཛད།། མགོན་ཁྱོད་རྫུ
433b8 འཕྲུལ་ཙམ་རླང་གྱི།། སླད་བྱུང་གང་གིས་མཐོང་བ་དེས།། ཁྱབ་འཇུག་འཇིག་རྟེན་གསུམ་རྒལ་བ།། འཕྱེ་བོ་མཆི་བ་བཞིན་དུ་མཐོང་།། གཞོན་དུ་ཚངས་པར་སྤྱོད




iiif viewer powered by OpenSeadragon

433a - 434a

Texts on this page

F251 - khyad par du 'phags par bstod pa