e-texts navigator
Collection
Volume
Page
Wylie

424a1 ཐུགས་ཀྱི་འཕྲིན་ལས་ལ།། ཞེ་འགྲས་གྱུར་པ་གང་གིས་ཀྱང་།། ཆོས་དང་ལྡན་པར་གླགས་མི་རྙེད།། རྒྱ་མཚོར་གཉའ་ཤིང་བུ་གུང་དུ།
424a2 རུས་སྦལ་མགྲིན་པ་ཆུད་པ་ལྟར།། དམ་ཆོས་དགའ་སྟོན་ཆེར་བཅས་པའི།། མི་ཉིད་བདག་གིས་ཐོབ་ནས་ནི།། མི་རྟག་ཉིད་དང་རྗེས་འབྲེལ་ཅིང་།། ལས་ཀྱི་ཀླགས
424a3 ལ་དོགས་བཅས་པ།། བདག་གི་ལྕེ་ཉི་ཉིད་ཀྱིས་ཀོ།། སྙིང་པ་ཅི་ཡང་བླང་མི་བྱ།། དེ་ལྟས་ཐུབ་པ་ཡོན་ཏན་གྱི།། ཡུལ་ལྷ་གྲགས་མེད་ཤེས་མོད་ཀྱི།། རང་གི་དོན
424a4 ལ་གུས་པ་ཡིས།། དེའི་ཕྱོགས་ཅིག་སྒྲིམས་ཏེ་བརྗོད།། གང་གི་ཡོན་ཏན་གྲགས་དག་དང་།། མཐུ་ལ་ཐུག་པ་མ་མཆིས་དང་།། རྨད་བྱུང་འཕྲིན་ལས་དཔག་མེད་ཅན།། །
424a5 རང་བྱུང་ཁྱོད་ལ་ཕྱག་འཚལ་ལོ།། འདི་རྙེད་བགྱི་བའི་མཐའ་མེད་ན།། འདི་ལྟ་ལགས་ཤེས་ཅི་ཞིག་སྨོས།། ཁྱོད་ཀྱི་ཡོན་ཏན་སླད་དུ་བདག། བསོད་ནམས་སྙམ་ནས་སྤྱི
424a6 རྡོལ་སྐྱེས།། །། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། དད་པ་ལས་སྤོབས་པ་བསྐྱེད་པ་ཞེས་བྱ་བ་ལས། བསྟོད་པ་གླེང་བསླང་བ་སྟེ་ལེའུ་དང་པོའོ།། །
424a7 སྤྱོད་དམ་མི་སྤྱོད་སྙམ་པ་ཡི།། རྣམ་པར་རྟོག་པ་རྣམས་སྤངས་ནས།། འགྲོ་བ་འདི་ནི་ཉམ་ཐག་ཅེས།། ཁྱོད་བདག་ཉིད་ཀྱིས་ཞལ་གྱིས་བཞེས།། ཁྱོད་ནི་མ་བཅོལ་ལས
424a8 ལེག་མཛད་པ།། ཁྱོད་ནི་རྒྱུ་མེད་བཞིན་དུ་བྱམས།། ཁྱོད་ནི་མ་འདྲིས་མཛའ་བཤེས་ཏེ།། འབྲེལ་པ་མེད་པའི་གཉེན་གདུན་ལགས།། ཉིད་ཀྱི་ཤ་ཡང་སྩོལ་མཛད་ན།།




iiif viewer powered by OpenSeadragon

423b - 424b

Texts on this page

F250 - brgya lnga bcu pa zhes bya ba'i bstod pa