| e-texts navigator |
| Wylie |
400b1 ཐུབ་མཆོག་རྒྱལ་པོ་མྱུར་དུ་དངོས་གྲུབ་སྩོལ།། སྤྱན་རས་གཟིགས་མགོན་མཆོག་ལ་ཕྱག་འཚལ་ལོ།། བདེ་གཤེགས་རང་བཞིན་བདུད་རྩིའི་ངོ་བོ་འཆང་།། སྣ་ཚོགས
400b2 མཚན་གྱིས་སྤྲས་པའི་སྐུ་ལུས་མཆོག། བདེ་གཤེགས་འོད་དཔག་མེད་པའི་དབུ་རྒྱན་ཅན།། གསེར་གྱི་པད་མས་གཡོན་པའི་ཕྱག་བརྒྱན་པ།། དྲི་མེད་རལ་པ་འཕྱིར་ནག
400b3 ཅུང་ཟད་སེར།། ཟླ་བའི་དབྱིངས་འདྲ་གསལ་ཞིང་རྫོགས་པའི་ཞལ།། པད་མ་ལྟར་ཡངས་མཆོག་ཏུ་མཛེས་པའི་སྤྱན།། འཁུར་བ་གངས་ཀྱི་དུམ་བུ་ལྟ་བུར་དཀར།། རི་དགས
400b4 རྒྱལ་པོ་དག་བཞིན་ཞལ་སྒྲོས་དམར།། ཉི་མ་འཆར་ཁ་ལྟར་དམར་རྩོད་ཀྱི་མདོག། པད་མ་གཞོན་ནུ་ལྟ་བུར་མཆུ་དམར་ལ།། སྟོན་ཀའི་སྤྲིན་ཚོགས་ལྟ་བུའི་སྒྲ་སྒྲོགས་པ།
400b5 དཔུང་གཉིས་སྣ་ཚོགས་མཚན་གྱིས་མཛེས་པ་སྟེ།། ཕྱག་འཐིལ་པད་མ་གཞོན་ནུ་ལྟ་བུར་འཇམ།། རི་དགས་ལྤགས་པ་སྐུའི་སྟོད་ན་མནབས།། སྙན་གཉིས་རྣ་བརྒྱན་གཡོ་ཞིང
400b6 མཛེས་པ་མངའ།། ཕྱག་ནི་ཡངས་ཤིང་ལྟེ་བ་ཟབ་པ་སྟེ།། པདྨ་དྲི་མ་མེད་པ་ལྟ་བུ་ལགས།། གསེར་མཆོག་སྐུ་རེགས་ནོར་བུའི་རྒྱན་ལྡན་པ།། ན་བཟའ་མཛེས་པས་སྐུའི་སྨད
400b7 བརྒྱན་པ།། རྒྱལ་བའི་ཡེ་ཤེས་རྒྱ་མཚོའི་ཕ་རོལ་བྱོན།། བསོད་ནམས་དུ་མ་ལས་ནི་འཁྲུངས་པའི་མཆོག། རིམས་དང་ནད་འཇོམས་བདེ་བ་མཆོག་བསྐྱེད་པ།། སྲིད་པ
400b8 ཐར་མཛད་མཁའ་ལ་རྒྱུ་བ་དང་།། ཀུན་ཏུ་རྒྱུ་བས་སྐུ་མཆོག་ལ་བསྟོད་པ།། བདུད་རིས་སྣ་ཚོགས་སྟོབས་ནི་ངེས་པར་འཇོམས།། ཞབས་མཆོག་རྐང་གདུབ་མཆོག་གི