e-texts navigator
Collection
Volume
Page
Wylie

360b1 ཉམ་ཐག་ནས་འདར་བ་དེ་བཞིན་དུ། དེ་དག་འཇིག་རྟེན་འདི་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོ་དག་དུ་བོར་ཏེ་སྡུག་བསྔལ་ཞིང་ཉམས་ཐག་པར་འགྱུར་ཏེ། དེ་ནས་དབང་པོ
360b2 ཉམས་པ་དེ་དག་བརྩེད། ཉ་ནི་སྐམ་ལ་བོར་བ་བཞིན་ཞེས་བྱའོ།། དེ་ལྟར་ཉེས་བྱས་ལས་བྱེད་པ། ཉིན་མཚན་དུ་ནི་ཚེ་དེ་འདེབས། ཞེས་བྱ་བ་ནི་ལས་དཀར་པོ་མ་བྱས་ཤིང་མི་དགེ་བའི
360b3 ཆོས་ལ་ཞུགས་པ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་རྒྱད་དེ་དག་ཏུ་སྐྱེས་ནས་རྟག་པར་རྒྱུན་མི་མཆད་པར་ཡུན་དུ་ཉམས་ཐག་པའི་ང་རེ་ཚེ་དེ་འདེབས་ཏེ། སྡུག་བསྔལ་ཞིང་མི་ཟད
360b4 ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་ཉིན་མཚན་དུ་ཉམས་སུ་མྱོང་བ་སྟེ། དེས་ན་དེ་ལྟར་ཉེས་བྱས་ལས་བྱེད་པ། ཉིན་མཚན་དུ་ནི་དྲིས་འདེབས། ཞེས
360b5 བྱའོ།། དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས། འཕང་མདུང་གྱིས་ཕོག་གླང་ཆེན་བཞིན། ཞེས་བྱ་བ་ནི་དེ་དག་སྡུག་བསྔལ་མི་ཟད་པའི་ཟིལ་གྱིས་གནོན་ཏོ།། གླང་པོ་ཆེ་དག
360b6 འཕང་མདུང་གི་འཕོག་པ་དང་། ལྕགས་སྐྱེས་དྲངས་པ་བཞིན་དུ་སྐད་ཤན་དུ་ཆེ་བར་སྒྲ་སྒྲོགས་ཏེ། དེས་ནི་དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས། འཕང་མདུད་གྱིས་ཕོག་གླང
360b7 ཆེན་བཞིན་ཞེས་བྱའོ།། མི་རྣམས་ཀྱི་ལོ་སུམ་ཁྲོ་གང་ཡིན་པ་དེ་ནི། སེམས་ཅན་དམྱལ་བ་ཁ་ཅིག་གི་ནམ་གྱི་ཆ་སྟོད་དོ།། ཁ་ཅིག་ནི་ནམ་གྱི་འཐུན་གྱི་བར་རོ།། ཁ་ཅིག་ནི
360b8 ནམ་གྱི་ཆ་སྤང་གྱི་བར་རོ།། ལོ་དགུ་ཁྲི་ལ་ནི་མཚན་ཅིག་གི།། ལོ་འབུམ་རྒྱ་ཁྲིལ་ནི་ཉིན་ཞག་ཅིག་གོ།། མི་རྣམས་ལེ་ནི་འདི་དག་ན། དགུ་ཁྲི་སྙེད་ནི་གང་ཡིན་ཏེ།




iiif viewer powered by OpenSeadragon

360a - 361a

Texts on this page

F230a - 'jig rten gzhag pa