e-texts navigator
Collection
Volume
Page
Wylie

360a1 པར་བྱེ་ལ། སྡུག་བསྔལ་བསྐྱེད་པར་བྱེད་དོ།། དེ་ནས་དེ་དག་སྤུ་བྱེད་པའི་གཟུགས། འཇིགས་ཤིང་འཇིགས་བྱེད་སྡུག་བསྔལ་བ། ཞེས་བྱའོ།
360a2 དྲང་སྲོང་དང་སྡོམ་ཅན་དང་། དཀའ་ཐུབ་ཅན་ལ་ཁ་ཟེར་བ་ཞེས་བྱ་བ་ལ། དྲང་སྲོང་ཞེས་བྱ་བ་ནི་སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཏེ། དེ་རྣམས་ཀྱང་མི་མཐུན
360a3 པའི་ལུས་ཀྱི་ལས་ཀུན་ཏུ་སྤྱོད་པ་དང་། མི་མཐུན་པའི་ངག་གི་ལས་དང་། ཡིད་ཀྱི་ལས་ཀུན་དུ་སྤྱོད་པ་སྟེ། དེས་ན་དྲང་སྲོང་དག་ཞེས་བྱའོ།། སྡོམ་ཅན་ཞེས་བྱ་བ་ནི། ལུས་སྡོམ
360a4 པ་དང་། ངག་སྡོམ་པ་དང་། ཡིད་སྡོམ་པ་རྣམས་ཏེ། དེས་ན་སྡོམ་ཅན་ཞེས་བྱའོ།། དཀའ་ཐུབ་ཅན་ཞེས་བྱ་བ་ནི། སྦྱངས་པའི་ཡོན་ཏན་རྣམ་པ་སྣ་ཚོགས་ཡང་དག་པར་བླངས
360a5 པའི་ཕྱིར། དཀའ་ཐུབ་ཅན་ཞེས་བྱ་སྟེ། དེས་ན་དཀའ་ཐུབ་ཅན་ཞེས་བྱའོ།། རྐང་པ་སྒྲེང་ཞིང་སྤྲེའུ་ཆུགསུ། དམྱལ་བར་དེ་ནི་ལྷུང་བར་འགྱུར། ཞེས་བྱ་བ་ནི་འཇུངས་པ་དེ
360a6 དག་གིས་ཉེས་པར་སྤྱོད་པ་དེ་དག་དེ་ལྟ་བུར་ཡང་དག་པར་བླངས་པ་དང་། ཀུན་དུ་སྤྱད་པས་སེམས་ཅན་དམྱལ་བ་ཆེན་པོ་རྒྱད་པོ་དེ་དག་དུ་འདོད་པ་དེ་དེས་ན། རྐང་པ་སྒྲེང་ཞིང་སྤྲིའུ
360a7 ཚུགསུ། དམྱལ་བར་དེར་ནི་ལྟུང་བར་འགྱུར་ཞེས་བྱའོ།། དབང་པོ་ཉམས་པ་དེ་དག་གཅོད་ཅེས་བྱ་བ་ནི། དེ་དག་དབང་པོ་མ་དུལ་བའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་རྒྱད་པོ་དེ་དག
360a8 ཏུ་སྐྱེ་ཞིང་ཉིན་མཚན་དུ་རྩེད་དེ། དེས་ན་དབང་པོ་ཉམས་པ་དེ་དག་གཅོད་ཅེས་བྱའོ།། ཉ་ནི་སྐམ་ལ་བོར་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཉ་ནུ་ལས་ཏོན་ཏེ། སྐམ་སར་བོར་བ་རྣམ་སྡུག་བསྔལ་ཞིང




iiif viewer powered by OpenSeadragon

359b - 360b

Texts on this page

F230a - 'jig rten gzhag pa