| e-texts navigator |
| Wylie |
359a1 @བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེས་ན་ཆ་བཞི་ཞེས་བྱའོ།། སྒོ་བཞི་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ལ་སེམས
359a2 ཅན་དམྱལ་བའི་སྒོ་བཞི་ཡོད་དོ།། ཤར་དང་ལྷོ་དང་ནུབ་དང་བྱང་ཕྱོགས་ཀྱི་སྒོ་རྣམསོ།། མནར་མེད་པ་ལ་ཇི་ལྟ་བ་བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེས་ན་སྒོ་བཞི
359a3 ཞེས་བྱའོ།། ཆའི་ཚད་ནི་རྣམ་པར་ཕྱེ་སྟེ་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཆུར་ཇི་ཙམ་པ་དེ་བཞིན་དུ་རྒྱུར་ཡང་དེ་ཙམ་ཏེ། དེས་ཆུས་ཚད་རྣམ་པར་ཕྱེའོ་ཞེས་བྱའོ།། ལྕགས
359a4 ཀྱི་རབས་ཀུན་ཏུ་སྐོར་བ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ལྕགས་ཀྱི་རབས་ཀུན་ནས་སྐོར་ཏེ། མནར་མེད་པ་ཇི་ལྟ་བ་དེ་བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ
359a5 བཞིན་ཏེ། དེ་ནས་ལྕགས་ཀྱི་ར་བས་ཀུན་ནས་བསྐོར་ཞེས་བྱའོ།། ལྕགས་ཀྱི་སུ་ནི་ཀུན་དུ་ཁྱེ་བས་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྕགས་ཀྱིས་དྲ་བས་ཁེས
359a6 ཏེ། མནར་མེད་པ་ཇི་ལྟ་བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེས་ན་ལྕགས་ཀྱི་སུ་རི་ཁེབས་ཞེས་བྱའོ།། ལྕགས་ཀྱི་ས་བཞི་རབ་ཚ་བ། འབར་ཞིང་མེ་ལྕེ་ལྡན་པ་སྟེ།
359a7 དཔག་ཚད་རྒྱ་ཕྲག་དུ་མར་ཡང་།། མེ་ལྕེ་རྣམས་ནི་མཆེད་པར་གནས། ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་དང་། དཔག་ཚད་མང་པོ་དང་དཔག་ཚད
359a8 རྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང་ཕྲག་མང་པོ་དང་། དཔག་ཚད་འབུམ་ཕྲག་མང་པོར་ལྕགས་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ