| e-texts navigator |
| Wylie |
356b1 ལྕགས་ཀྱི་སྤྱད་ཀྱིས་ཁ་ཕྱེ་ནས། ཟངས་སྐོལ་བ་འབར་ཤིང་རབ་ཏུ་འབར་ལ། ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་ཅིག་ཏུ་གྱུར་པ་ཁར་འདུག་སྟེ། སེམས།
356b2 ཅན་དེ་དག་འཆུ་དག་ཀྱང་ཚིག་ནས་ཐུར་དུ་འབྱུང་བའི་བར་སྟེ། དེ་དག་དེ་ལྟ་བུའི་ཚུལ་གྱི་ཞེས་བྱ་བ་ནས་རྒྱས་པར་བྱའོ།། དེ་དག་མཐུ་ཉམས་ཤིང་བྱིན་ཉམས་ལ་རྩོན
356b3 འགྲུས་ཉམས་ཏེ། རབ་མེད་ནི་འགྲམ་ནས་འཁོད་དོ།། རབ་མེད་དེའི་འགྲམ་ན་ཁྭ་ལྕགས་ཀྱི་མཆུ་ཅན་ཞེས་བྱ་བ་དག་གནས་ཏེ། སེམས་ཅན་དག་གིས་ཞེས་བྱ་བ
356b4 ནས་སྔ་མ་བཞིན་ནོ།། དེ་ལ་སོགས་པ་གནོད་པ་མང་པོ་དག་བྱེད་དོ།། དེར་ན་མ་སེམས་ཅན་དེ་དག་གིས་སེམས་ཅན་དམྱལ་བ་ཉམ་སུ་མྱོང་བར་འགྱུར་བའི་སྡིག་པ་མི
356b5 དགེ་བའི་ལས་དེ་གཏན་ནས་ཡོངས་སུ་མ་བྱང་མ་ཟད་ཀྱི་བར་དུ་དེ་དག་ཡང་ཆུ་ཀླུང་རབ་མེད་ལ་འབོག་གོ། ལྕགས་ཀྱི་ཤིང་ཤལ་མ་ལའི་ཚལ་ལ་འཛེག་གོ།། ལོ་མ་རལ
356b6 གྲི་ལྟ་བུའི་ཚལ་ལ་འཇུག། ལམ་པོ་ཆེ་སྤུ་བྲིའི་སོ་སྔམས་པ་ལྟ་བུར་འགྲོའོ།། རོ་མྱགས་མོ་དང་ཕྱི་སའི་འདམ་དུ་འགྲོའོ།། མེ་མ་མུར་པུས་མོས་ཕྱིན་པ་ཙམ་དུ་འབྲེའོ།།
356b7 དེ་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ཀྱི་སྒོར་འཇུག། ཇི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ཀྱི་སྒོའི་སྐབསུ་བཤད
356b8 པ་དེ་བཞིན་དུ་ལྷོ་དང་ནུབ་དང་། བྱང་ཕྱོགསུ་ཡང་བརྗོད་པར་བྱའོ།། ཇི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་འཁོར་དང་བཅས་པ་བསྟན་པ་དེ་བཞིན་དུ།