| e-texts navigator |
| Wylie |
355a1 ཡོད་དེ། ཇི་སྐད་དུ། གང་གི་ཆོས་ལ་ཆོས་མིན་དང་། ཆོས་མ་ཡིན་ལ་ཆོ་སུ་སྨྲ། སྐྱེ་བོ་དམ་པ་དག་ལ་སྡང་། མེད་པར
355a2 ལྟ་བ་མནར་མེད་ལྷུང་། སྡོམ་ནི་མི་འཆི་བའི་གནོད་པ་དང་། དེ་ནས་མེ་ལྕེ་ཕུར་བརྒྱས་བརྐྱང་། ཤིང་རྟའི་རི་ལ་འཁྲབ་དང་རི། གནོད་པ་ལྔ་ཚན་སྦྱར་བ་ཡིན། སེམས
355a3 ཅན་དམྱལ་བ་རིན་པོའི་ཤར་ཕྱོགས་ཀྱི་སྒོ་འབྱེད་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་ནས་སེམས་ཅན་དེ་དག་རྒྱུག་ཅིང་རབ་ཏུ་རྒྱུག་ལ། ཀུན་དུ་རབ་ཏུ་རྒྱུག་སྟེ།
355a4 གནས་ཚོལ་ཞིང་སྐྱབས་ཚོལ་འབྱུང་བའི་ཐབས་ཚོལ་ཏེ། ངེས་པར་འབྲོས་པར་བྱའོ་སྙམ།། དེ་དག་ཕལ་ཆེར་ཕྱིར་ནས། ཤར་ཕྱོགས་ཀྱི་སྒོ་བཅིང་བར་གྱུར་ཏེ། དེ་དག་དེར
355a5 སྣད་ཅིང་སྦས་ཏེ་འགྱེལ་ནས་ཅིག་གི་སྟེང་དུ་གཅིག་འཕུངས་པར་འགྱུར་ཏེ། དཔེར་ན་རྩ་འམ་ཤིང་བཞི་ལ་ཉམ་ཐག་པའི་སྐད་ཀྱིས་ཆོ་ངེས་འདེབས་ཏེ། སྡུག་བསྔལ་ཞིང་མི་ཟད་ལ
355a6 ཚ་ཞིང་ནུབ་པ་དང་། ཡིད་དུ་མི་འོང་བའི་ཆོས་ཉམ་སུ་མྱོང་སྟེ། ནམ་སེམས་ཅན་དམྱལ་བ་ཉམས་སུ་མྱོང་བའི་གནས་ཚོལ་བ་ནས་སྔ་མ་བཞིན་ཏེ། སེམས་ཅན་དེ་དག་གི
355a7 ཕྲག་པ་འམ་མགོ་བོར་འདུག་ནས་མིག་འབྲུ་ཞིང་འབྲུ་ཞིང་ཟལ། མགོ་བོ་བརྟོལ་ནས་གླད་པ་འབྲུའོ།། ལྕགས་ཀྱི་ཤིང་ཤལ་མ་ལའི་ཚལ་དེ་ནས་ལྕགས་ཀྱི་རྫ་བུམ་དང་།
355a8 ཁར་བཟངས་པ་ཚ་བའི་ཆུ་ཁོལ་བས་གང་ཞིང་འདུག་པ་ཡོད་དོ།། གང་གི་ཚེ་སེམས་ཅན་དེ་དག་ལྕགས་ཀྱི་ཤིང་ཤལ་མ་ལའི་ཚལ་ལས་སྣད་ཅིང་སྨན་ཏེ། འབབ་པར་གྱུར