| e-texts navigator |
| Wylie |
237a1 པ་དང་། ངོ་མཚར་དང་། བྲལ་བ་རབ་ཏུ་དགའ་བའི་ཡིད་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་དགའ་བར་བྱེད་རྩེ་བར་བྱེད། དགར་འགུར
237a2 སྤྱོད་པར་བྱེད་ལ། འདོད་པའི་ཡོན་ཏན་རྣམ་པ་ལྔ་པོ་དུ་མ་དང་ལྡན་པའི་ཡིད་ཀྱི་ཚལ་དེར་འགྲོ་བར་བྱེད་དོ།། དེ་ལྟར་འགྲོ་བ་ན་དེའི་བྱ་ཤིན་དུ་རྩེ་བ་ཞེས་བྱ་བ། ལས་ལེགས་པར
237a3 བྱས་པ་སྐུལ་བ་དེ། ལྷ་དེ་ལ་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ།། དེའི་རྒྱུ་སྟེ་སྲེད་པ་ཡིས།། འདོད་པ་རྣམས་ལ་ངོམས་མི་མྱོང་།། སྲེད་པ་ངོམས་པ་སྐྱེད་བྱེད་པ།། ཡིད
237a4 ཉིད་ངོམས་པར་མི་བྱེད་དོ།། འཆི་བ་ཉེ་བར་གནས་པ་འདི།། སྐྱེ་བོ་ཀུན་གྱི་ཤེས་པར་བྱ།། དེ་བས་དེའི་ལན་བྱ་བ།། ཐབས་རྣམས་ཀུན་གྱི་མི་ཤེསོ།། ཤིན་དུ་དུས་ནི་རིང་ནས
237a5 ཀྱང་།། བདེ་བ་དུ་མ་དག་སྤྲད་ནས།། ངེས་པར་ལྷུང་བར་འགྱུར་བ་ནས།། དེ་ལྟ་བས་ན་ཆོས་ལ་བོད།། ཆོས་ཅིག་ཁོ་ན་སྐྱབས་ཀྱི་མཆོག། ཆོས་ཅིག་ཁོ་ན་རྟེན་གྱི་མཆོག།
237a6 ཆོས་ཀྱི་སྲོག་ནི་མཚོ་གྱུར་ལོ།། ཆོས་མ་ཡིན་པས་མཆི་བར་འགྱུར།། ཆོས་སྤྱོད་ཆོས་ལ་སྤྱོང་བྱེད་ཅིང་།། ཆོས་ཉིད་ལ་ནི་རྟེན་བྱེད་ན།། དེ་ནི་བདེ་ལས་བདེ་འགྱུར་ལ།།
237a7 སྡུག་བསྔལ་རྗེས་སུ་མཐོང་མི་འགྱུར།། ཆོས་མ་ཡིན་པར་སྤྱོད་པའི་མི།། གོང་ཚེ་ཆོས་མིན་སྟོན་བྱེད་ན།། སེམས་ཅན་དམྱལ་བར་དེ་རྟག་ཏུ།། ཡང་དང་ཡང་དུ་སྡུག
237a8 བསྔལ་འགྱུར།། ཇི་ཙམ་གནས་རྣམས་རྟེན་པ་ནི།། དེ་ཙམ་རྒྱ་བྱིན་ཡུལ་ཡིན་ལ།། བརྒྱ་བྱིན་གནས་ནི་གཞན་མེད་དེ།། འདི་ལྟར་དེ་དག་ངེས་པ་ཡིན།། སུམ་ཅུ་རྩ་གསུམ