| e-texts navigator |
| Wylie |
236b1 པར་འཕགས་པའི་རྒྱུ་གང་ཡིན་ཞེས་སྨྲས་སོ།། སྔོན་གྱི་ལྷ་གཞན་ཞིག་གིས་ཚིག་དེ་ཐོས་ནས་སྨྲས་པ། འདི་ལྟར་བདག་གཅག་གིས་གཞན་དང་གཞན་དག་ལས་འདི་སྐད
236b2 ཅེས་ཐོས་ཏེ། འདི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ང་ལ་ནུ་ཞེས་བྱ་བ་གླིང་བཞི་དང་། གླིང་བར་མ་རྣམས་སུ་ལོ་འབུམ་ཕྲག་དུ་མར་སྤྱོད་ཀྱང་འདོད་པ་རྣམས་ཀྱིས་ངོམས
236b3 པ་མེད་པ་དེ། རྒྱལ་ཆེན་བཞིའི་རིས་ཀྱི་ལམ་ནས་འཁོར་ལོས་དྲངས་ནས། ལྷའི་འཇིག་རྟེན་འདིར་འོངས་ཏེ། དེ་མིའི་བགྲང་བའི་ཚུལ་གྱིས་ལོ་འབུམ་ཕྲག་དུ་མར་ཉེ
236b4 བར་མཚོ་ཡང་འདོད་པ་རྣམས་ཀྱིས་ངོམས་པ་མེད་དོ།། དེ་གར་ཡང་འདོད་པས་ཆོག་མི་ཤེས་པ་ནས་ལྷའི་འཇིག་རྟེན་འདིར་འོངས་ཏེ། བརྒྱ་བྱིན་གྱི་སྨན་ཕྱེད་ལ་འདུག་ཀྱང
236b5 མདོད་པ་རྣམས་ཀྱིས་ངོམས་པ་མེད་དོ།། དེ་གང་གིས་ཚེ་སྙེད་མོས་ཚལ་དུ་དགའ་སྤོང་བྱེད་དུ་འགྲོ་ལ། དེ་འདུག་པའི་དགའ་སྤོང་བྱེད་དུ་ཚལ་འདིར་འགྲོ་སྟེ་ཚལ་འདི་ན
236b6 ཡོན་ཏན་དུ་མ་དང་ལྡན་ཞིང་། རྟེན་པ་དང་ལྡན་པ་ཡིན་ནོ།། རྒྱུ་དེས་ནས་ཡོན་ཏན་དུ་མ་དང་ལྡན་པའི་ཚལ་འདི་ནི་ད་དུང་། ལྷག་པར་ཉམས་དགའ་བ་ཡིན་ནོ།། རྒྱལ་པོ་ང
236b7 ལས་ནུས། བརྒྱ་བྱིན་གྱི་སྟན་ལ་འདུག་པས་དེ་ཡང་རང་གི་བྱས་པའི་ལས་ཟད་པ་དང་། ལྷའི་གནས་དེ་ནས་ལྷུང་ངོ་ཞེས་བདག་ཅག་གིས་གཞན་དང་གཞན་དག་ལས་ཐོས་ཏེ།
236b8 གཞན་དུ་ན་བདག་ཅག་གི་ཚལ་འདི་མངོན་སུམ་དུ་འཐོང་བ་ནི་མ་ཡིན་ནོ།། དེ་ལྟར་ཚལ་འདི་ནི་ད་དུང་དུ་འདི་ལྟར་ཤིན་དུ་འབྱོར་པ་ཡིན་ནོ།། དེ་ནས་ལྷ་དེ་རྣམས་ཀྱི་ཚིག་དེ་ཐོས