e-texts navigator
Collection
Volume
Page
Wylie

236a1 དག་ལ་དགའ་བར་རྫོགས་པའི་བགྲང་གི་ལྕི་བའི་ཐལ་བ་ཙམ་ཡང་ལེན་པར་མི་བྱེད་པ་ཡིན་ཏེ། དེ་ལྟར་མ་བྱིན་པར་ལེན་པ་ཤིན་དུ་ཕྲ་མོ
236a2 ཡང་སྤོང་བར་བྱེད་ལ། ཚུལ་ཁྲིམས་མ་འདྲེས་པ་མ་ནོགས་པ། སྡིག་པ་བྱེད་པ་སྐྱོན་མེད་པ་ལ་སྤྱོད་དོ།། དེ་དེ་ལྟར་སྤྱོད་སྤྱོད་པ་ལས་ལུས་དང་བྲལ་ན་བདེ་འགྲོ་མཐོ་རིས
236a3 ཀྱི་འཇིག་རྟེན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ན་མ་འདྲེས་པའི་གནས་སུ་སྐྱེ་བར་འགྱུརརོ།། དེར་སྐྱེས་ནས་ཤིན་དུ་བདེ་བ་དང་ལྡན་པ། ཉི་མ་ལས་ལྷག་ལ་རང
236a4 གི་འོད་དང་ལྡན་པའི་ལྷ་དེ་ལས་ལེགས་པར་བྱས་ཤིང་བསགས་པ། སོ་སོ་ཡང་དག་པར་མྱོང་བར་འགྱུར་བ་དེའི་འབྲས་བུ་ལྷའི་བདེ་བ་དུ་མ་དག་མྱོང་བར་བྱེད་དོ།། ལྷའི
236a5 འཕྲེང་བ་དང་གོས་གྱོན་པ། ལྷ་འབུམ་སྙེད་ཀྱིས་ཡོངས་སུ་སྐོར་བ་དེ། རིན་པོ་ཆེ་སྣ་བདུན་གྱི་ཚལ་དང་། ནགས་ཚལ་སྙེན་པར་བྱ་བ་རྣམས་ཀྱི་ནང་ན་ལྷའི་ཚོགས་དང
236a6 ལྷན་ཅིག་དགའ་བར་བྱེད་དོ།། དེ་ལྟར་ཤིན་དུ་བདེ་བ་དང་། ལྡན་པ་ཡོངས་སུ་སྦྱོར་ཏེ། རེ་འགའ་ཚལ་རོ་རྒྱ་མཆོག་གི་སྟེན་པ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ།།
236a7 དེས་དེ་མངོན་པར་མཐོང་ནས་ལྷག་པར་དགའ་བ་སྐྱེས་ཏེ། ལྷ་དེ་རྣམས་ཀྱིས་མཐོང་བ་དང་། ཀྱེ་གང་གི་ཚལ་འདི་ཚལ་གཞན་དག་པས་ལྷག་པར་མཛེས་ལ། མེ་ཏོག
236a8 དང་། འབྲས་བུ་དང་། རི་སུལ་དང་། སྨན་ལྗོངས་དང་ལྟེང་ཀ་དང་། འབབ་ནུའི་ངོགས་དང་། བྱ་སྒྲ་འབྱུང་བ་དང་། ས་རྣམ་པར་ཕྱེ་བ་དང་། རི་དགས་ལས་ཁྱད




iiif viewer powered by OpenSeadragon

235b - 236b

Texts on this page

F230 - 'phags pa dam pa'i chos dran pa nye bar gzhag pa