e-texts navigator
Collection
Volume
Page
Wylie

235b1 སེམས་དག་གི་ལེན་པར་མི་བྱེད་ལ། སྦལ་བ་དང་སྲོག་ཆགས་དུན་དུ་བླ་རྣམས་ལ་ཡང་ལྟ་ཞིང་། རྟོག་པར་བྱེད་དེ། འདི་ལྟར་བདག་གི་དེ་དག་གསད་པར་མི
235b2 བྱའོ་སྙམ་མོ།། གང་གི་ཕྱིར་སྲོག་ཆགས་ཐམས་ཅད་ཀྱི་ཙེས་ཆེན་དམ་པ་ནི་སྲོག་ཡིན་ཏེ། བཞི་དེ་ཡིད་ལ་རྩེ་ཅིག་ཏུ་བྱས་ནས། སྲོག་ཆགས་རྣམས་ལ་རབ་ཏུ
235b3 འབད་དེ་སྲུང་བར་བྱེད་དོ།། ཇི་ལྟར་ན་སྲོག་གཅོད་པ་སྤོང་བ་ཡིན་ཞེ་ན། ཁ་ཟས་ཀྱི་བདེ་བར་བྱ་བའི་དོན་དུ་གལ་ཏེ་ཤ་འམ། ཁ་ཟས་བཞན་ཞིག་བླངས་པ
235b4 དང་། གང་གིས་དེའི་སྲོག་ཆག་དེ་གཞན་དུ་འགྱུར་བ་དེ་ཡང་ཚ་བའི་རྐྱེན་ནམ་ཡུན་རིང་དུ་ལོན་པའི་རྐྱེན་གྱིས་སྲིན་བུས་གང་ལ། སྲིན་བུ་དེ་དག་དེ་ནས་བྱུང་ན་ནི་གོར
235b5 མ་ཆག་པར་འཆི་བར་འགྱུར་པས། བདག་ནི་ཤི་ཡང་སྲའོ་སྲོག་ཆགས་འདི་དག་ནི་མཆི་བར་མི་འགྱུར་ཞིང་། སྲོག་ཆགས་རྣམས་ཀྱི་སྲོག་ཆད་པར་མ་གྱུ་རི་ཅིག
235b6 སྙམ་ནས། དེ་བདག་ཉིད་ཀྱི་སྲོག་ཡོངས་སུ་ཏོང་བར་བྱེད་ཀྱི། ཁ་ཟས་དེ་དག་ལས་སྲིན་བུ་འབྱིན་པར་མི་བྱེད་དེ། དེ་ལྟར་སྐྱེས་བུ་དམ་པ་དེ་ཁ་ན་མ་ཐོ་བ་རྡུལ་ཙམ
235b7 ལ་འཇིགས་པར་ལྟ་ཞིང་རྒྱུ་ཚོལ་བ་ལྷུར་བྱེད་པ་ཡིན་ནོ།། ཇི་ལྟར་ན་མ་བྱིན་པར་ལེན་པར་སྤངས་པ་ཡིན་ཞེ་ན། དེ་ལྟར་སྐྱེས་བུ་དགེ་བ་སེམས་ཅན་ཐམས་ཅད་ལ་ཕན་པ
235b8 སྤུར་བྱེད་པ་དེ་བཞིན་གྱི། བདག་ཉིད་ཀྱི་དོན་དུ་ཡོངས་སུ་གཟུང་བ་དེ་ལས་མ་བྱིན་པར་ལེན་པར་འགྱུར་རོ།། སྙམ་ནས་ཞིང་ངམ། ཀུན་དགའ་ར་བའམ། གྲོང་རྡལ




iiif viewer powered by OpenSeadragon

235a - 236a

Texts on this page

F230 - 'phags pa dam pa'i chos dran pa nye bar gzhag pa