e-texts navigator
Collection
Volume
Page
Wylie

235a1 ཀྱིས་བཀུར་བ་དང་ཚེ་ཅིག་གི་བར་དུ་རྒྱལ་བའི་ཡང་གནང་ཆེན་བྱེད་པར་འགྱུར་བ་མཐོང་ངོ་།། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས།
235a2 བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ་དེ་ཐོས་པ་ལས་བྱུང་བའི་ཤེས་པས། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་གནས་མ
235a3 འདྲེས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ་།། དེར་སེམས་ཅན་དག་ལས་གང་གི་སྐྱེ་བར་འགྱུར་སྙམ་ནས། དེ་ཐོས་པ་ལས་བྱུང་བའི་ཤེས་པས་རྟགས་ན། དགེ་བ
235a4 སེམས་བཟང་པོ་དང་ལྡན་པ། རྒྱུ་དང་འབྲས་བུ་ལ་ཤིན་དུ་ཡིད་ཆེས་པ་གང་གིས། ཚུལ་ཁྲིམས་རྣམ་པ་བདུན་སྲུངས་པ་སེམས་ཅན་ལ་སྙིང་རྗེས་རླན་པའི་ཡིད་དང
235a5 ལྡན་པ་སྡིག་པའི་གྲོགས་པོ་དང་མ་འདྲེས་པ། མི་དགེ་བ་སྤྲོད་པ་དང་ལྷན་ཅིག་སྨྲ་བར་བྱེད་པ། དཀོན་མཆོག་གསུམ་ལ་རྟག་ཏུ་དད་པ་དང་ལྡན་པ། ཡིད་ཞི་ཞིང་།
235a6 ཡིད་ཤིན་དུ་མཉམ་པར་བཞག་པ། བློ་མ་ཡེངས་ཤིང་མ་འདྲེས་པར་གནས་པ། ཡ་མཚན་ཅན་འདོད་ནས་རིགས་སུ་མི་འགྲོ་བ། སེམས་ཅན་འདོད་ནས། རིགས
235a7 ན་རིགས་སུ་མི་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙན་པར་སྨྲ་བ། དུས་སུ་སྨྲ་བ། བདེན་པར་སྨྲ་བ། བླ་མ་རྣམས་ལ་རིམ་འགྲོ་བྱེད་པ་དང་། དམ་པའི
235a8 ཆོས་ཉན་ཅིང་ལྟ་བའི་ངང་ཚུལ་ཅན་དུ་གྱུར་པ། སྦྱིན་པ་དང་ཚུལ་ཁྲིམས་ཅི་ནུས་སུ་སྲུང་བར་འགྱུར་ཏེ། དེ་ལམ་དུ་འགྲོ་བ་ན། གཞན་གྱི་རྩ་འམ་ཡང་རྐུ




iiif viewer powered by OpenSeadragon

234b - 235b

Texts on this page

F230 - 'phags pa dam pa'i chos dran pa nye bar gzhag pa