| e-texts navigator |
| Wylie |
234b1 ལྷ་འབུམ་སྙེད་ཀྱིས་རྒྱན་པ་དང་། བྱ་སྒྲ་འབྱིན་པ་ཤིན་དུ་ཡོངས་སུ་འོང་བ་དག་མཐོང་ངོ་།། དེ་ལྷ་དེ་རྣམས་ཀྱི་མཆོད་ཅིང་བདེ་བ་དུ་མ་དག་མྱོང་བ་ནི། རིའི་བསབ་བསེ་བ་དེ
234b2 ངག་ན་རིན་པོ་ཆེའི་འོད་ཀྱི་འཕྲེང་བ་ལ་ལོར་འབར་བ། ཤིན་དུ་བདེ་བ་རྣམ་པ་དུ་མ་དག་མཐོང་བ་དང་།། སྐྱེད་མོས་ཚལ་དུ་དགའ་བ་སྤོད་འདོང་བར་བྱེད་དོ།། བག་མེད་པ་རྣམ
234b3 པ་དུ་མས་ཡིད་ཕྲོགས་པ།། འདོད་པ་ལ་སེམས་ཆགས་པ་རྣམས་འདོད་པའི་མེས་སྲེག་པ་ན། ཡིད་འབྱུང་བའི་རྟེན་དབང་པོ་ལྔ་ལས་བྱུང་བའི་མེ་ལྕེ་ལྔ་པོ་དེས་སྲེག་པར
234b4 བྱེད་ཀྱང་མི་རིག་ཏེ། དགྲ་ལྟར་མི་སྔོན་ལ། བཤེས་གཉེན་གྱི་གཟུགས་ཅན་དགྲ་མ་རུངས་པ་དེ་དང་ལྷན་ཅིག་དགའ་བར་བྱེད་དོ།། དེ་ལྟར་ལྷ་དེ་ཇི་སྲིད་དུ་འདོད་པ་ཡིད་དུ
234b5 འོང་བ་བྱས་ཤིང་གསགས་པ། སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཟད་པར་མ་གྱུར་པ་དེ་སྲིད་དུ་ལྷ་དེ་རྣམས་དང་ལྷན་ཅིག་དགའ་བར་བྱེད། རྩེ་བར་བྱེད་དགའ
234b6 འགུར་སྤྱོད་པར་བྱེད་དེ། དུག་གི་ཆུ་བོ་དེད་པར་བྱེད་དོ།། དེ་དེ་དག་ཟད་ནས་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན། སེམས་ཅན་དམྱལ་བ་དང་། ཡི་དྭགས་དང་།
234b7 དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། གལ་ཏེ་རྒྱལ་ལས་ལེགས་པར་བྱས་པ་གཞན་ཞིག་གིས་མི་རྣམས་ཀྱིས་ནང་དུ་སྐྱེས་ན། དེ་ལས་དེ་དག་རྒྱུ་དེ་མཐུན་པར
234b8 རྟག་ཏུ་བདེ་བ་དང་ལྡན་པར་འགྱུར་ཞིང་། བྱད་གཟུགས་བཟང་པོ་དང་ལྡན་པ་དང་། ཡོན་ཏན་དུ་མ་དང་ལྡན་པའི་རིགས་སུ་སྐྱེ་བ་དང་། སྐྱེ་བོ་ཐམས་ཅད