e-texts navigator
Collection
Volume
Page
Wylie

234a1 @པ་གང་ཡིན་ཐབས་མེད་པས།། བདེ་བ་རྟག་ཏུ་རྒོལ་བྱེད་པ།། བྱེ་མ་རྣམས་ལས་འབྲུམར་ལྟར།། དེ་ནི་རྟག་ཏུ་རྙེད་མི་འགྱུར།། བག
234a2 མེད་རྟག་ཏུ་དགའ་བ་གང་།། དེ་ལ་བདེ་བའི་སྐལ་བ་མེད།། སྡུག་བསྔལ་ཤིང་གི་དྲུང་ཅིག་པོ།། ཤིན་དུ་མི་ཟད་བག་མེད་ཅིང་།། ཆོས་དང་ཆོས་མནི་ངེས་པ་ཉིད།། འདི
234a3 སྟེ་བདག་གིས་ཁྱོད་ལ་སྟན། ཁྱོད་ཀྱི་ཡིད་ཀྱིས་དེ་ཟུང་ཤིག། ཕྱིས་ནི་གདུང་བར་མ་བྱེད་ཅིག། རྨོངས་པ་གང་ཞིག་བླ་མའི་ཚིག། ཕན་པ་ཉིད་ནི་འཛིན་མི་བྱེད།།
234a4 ཕྱིས་ཏེ་ཉོན་མོངས་བྱུང་བའི་ཚེ།། རང་གི་སེམས་ཀྱིས་གདུང་བར་བྱེད།། བྱེ་བ་ཐེར་འབུམ་སྟོང་ཕྲག་དང་།། ས་ཡ་དང་ནི་དུང་ཕྱུར་དག། གྲངས་མེད་པའི་ལྷ་རྣམས
234a5 ནི།། བག་མེད་པ་ཡིས་རྣམ་པར་སླུས།། ངེས་པར་མི་རྟག་མེ་ཡི་སུ།། སྐལ་མཐར་རི་མཆོག་འདི་སྲེག་ན།། དབུ་བ་ཆུ་ཤིང་ལྟར་བུ་ཡི།། ལྷ་རྣམས་གང་ཞིག་སྨོས
234a6 ཅི་དགོས།། འདུས་བྱས་སྐྱེ་དང་གཡོ་བ་གང་།། དེ་ནི་སྲིད་པ་ཅུང་ཟད་མེད།། གང་ཞིག་རྟག་པ་འམ་བདེ་འགྱུར་བ།། དེའི་གནས་ནི་ཡོད་མ་ཡིན།། ཇི་ལྟར་བག་མེད
234a7 པ་ཡིས་འཕྲོགས་པ་ཡི།། གསར་བྱུང་ལྷ་དེ་ལ་ནི་ཐབས་དུ་མས།། བརྒྱ་བྱིན་དེས་ནི་དེ་སྐད་ཕན་ཏགས་ཀྱང་།། དེ་ལྟར་ཚིག་ཅིག་ཙམ་ཡང་མ་ཟིན་ཏོ།། དེ་ནས་བརྒྱ
234a8 བྱིན་གྱིས་དེ་རིག་ནས་འདུག་གོ། ལྷ་དེས་ཀྱང་བརྒྱ་བྱིན་དེ་ལ་སྤྱི་བོས་ཕྱག་འཚལ་ཏེ། སིལ་སྙན་དང་རོལ་མོའི་སྒྲ་དང་། གླུ་དབྱངས་སྣ་ཚོགས་ལ་ཡིད་ཆགས་པའི




iiif viewer powered by OpenSeadragon

233b - 234b

Texts on this page

F230 - 'phags pa dam pa'i chos dran pa nye bar gzhag pa