e-texts navigator
Collection
Volume
Page
Wylie

233b1 མི་རྣམས་རྟག་ཏུ་སེམས་དམྱལ་དང་།། ཡི་དགས་དུད་འགྲོའི་ནང་དུ་འཁྱམ།། འཆི་དང་སྐྱེ་བའི་ཕྱང་མོ་ལ།། མི་མཁས་སྐྱེ་བོ་ཉོན་མོངས་པ།། དེ་ནི་རིག་ནས་སྲེད
233b2 བྲལ་ཏེ།། འགྲོ་བ་མཆོག་ཏུ་དེ་འགྲོའོ།། རྟེན་པོ་ཅིངས་ལས་ཏེ་གྲོལ་བ།། མྱ་ངན་བྲལ་ཞིང་གདོན་དང་བྲལ།། གང་ཞིག་སྲེད་པའི་དབང་མི་འགྲོ།། དེ་ནི་རྟག་ཏུ་བདེ
233b3 བར་འདུག། གང་དག་གནས་སྐབས་ཐམས་ཅད་དུ།། ཡེ་ཤེས་ལ་ནི་ཡིད་ཉེ་བ།། མཁའ་པ་དེ་ནི་སྐྱེ་བ་ཡི།། སྡུག་བསྔལ་ཞགས་པས་དེ་མི་འཆིང་།། གང
233b4 དག་ཡིད་ལ་མཚན་མ་མེད།། གང་དག་སྲེད་པས་ཡིང་བྱུང་བ།། དེ་ནི་དགོན་པའི་དྲི་མ་བྲལ།། བདེ་བ་འབྱུང་བ་མཆོག་ཅིག་ཐོབ།། གང་དག་བདེ་ལ་ཆགས
233b5 མི་བྱེད།། བདེ་སྡུག་ལས་ནི་གྲོལ་བ་དེ།། མྱ་ངན་འདས་པའི་གྲོང་ཁྱེར་འགྲོ།། བྱམས་པ་དང་ནི་སྙིང་རྗེ་ཡིས།། མི་རྣམས་རྟག་དུ་སེམས་ལྡན་པ།། རྒྱུ་འབྲས་དེ
233b6 ཉིད་ཤེས་པ་དེ།། སྡུག་བསྔལ་ཞགས་ལས་ངེས་པར་འབྱུང་།། གང་དག་ཀུན་དུ་རྟོགས་པ་ལ།། ཡིད་ནི་དགའ་ཏེ་སྐྱོན་སྤངས་པ།། དེ་དག་སྐྱོན་གྱི་འཇིགས་ལས
233b7 གྲོལ།། གནས་མཆོག་དམ་པར་འགྲོ་བར་འགྱུར།། འདུ་བ་དག་ལ་འབྲལ་བ་ཡོད།། ལང་འཅོ་ལ་ཡང་རྟག་ཏུ་འཆི།། འཚོ་བ་ལ་ཡང་རྟག་ཏུ་འཆི།། བཞི
233b8 འདི་དག་ནི་རྟག་ཏུ་གནས།། ལྷ་ཡུལ་ནས་ནི་ལྟུང་བ་དེ།། མི་ཟད་ཁད་ཀྱིས་མངོན་དུ་འོང་།། དེ་ནི་བསམ་ཏེ་བག་མེད་པར། ཁྱོད་ནི་ནམས་ཀྱང་རྟེན་མི་བྱ།། རྨོངས




iiif viewer powered by OpenSeadragon

233a - 234a

Texts on this page

F230 - 'phags pa dam pa'i chos dran pa nye bar gzhag pa