| e-texts navigator |
| Wylie |
233a1 @#པའི་ངོ་བོ་ཉིད་ཀྱིས་འཕྲོགས་པ་རྣམས། དེ་ནས་ཡང་སིལ་སྙན་གྱི་སྒྲ་དང་། གླུ་དབྱངས་དང་། རོལ་མོའི་སྒྲ་སྣ་ཚོགས་བྱུང་ནས། ཞིང་།
233a2 དུ་སྤྱོང་པའི་ལྷ་རྣམས་དེ་དག་ག་ལ་བ་དེར་ཤིན་དུ་ཕན་ཚུན་མཐོང་བར་འདོད་པ་རྣམས་དོང་སྟེ། ཡིད་རྟག་པར་རབ་ཏུ་དགའ་བའི་ཚལ་དང་། ཉེ་བའི་ཆལ་རིན་པོ་ཆེ་སྣ་ཚོགས
233a3 དང་ལྡན་པ། གསེར་གི་ལྕུག་མ་འཕྱང་བས་ཁྱེབས་རྣམས་སུ་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་ཕན་ཚུན
233a4 དགའ་བར་བྱེད་རྩེ་བར་བྱེད་དགའ་འགུར་སྤོང་བྱེད།། དེ་ཟད་དུག་དང་འདོད་ཤུགས་ཀྱིས།། རྣམ་པ་ཀུན་དུ་ཟིན་པ་གང་།། འཆི་བདག་དབང་གྱུར་རྨོངས་པ་དེ།། སྐྱེ་བོ
233a5 འདོད་པའི་མེ་ཡིས་ཉམས།། འཆི་བའི་ཚེ་ན་གཉེན་འདབ་དང་།། འཛབ་ཤེས་རྩ་ལག་གཉེན་འདུན་དང་།། བྲལ་བའི་སྡུག་བསྡང་གང་བྱུང་བ།། དེ་ནི་བཤད་པར་མི
233a6 ནུས་སོ།། དེའི་འཆི་བ་ཉེ་གྱུར་ཏེ།། རི་བོ་བཞིན་དུ་ལྟུང་བ་ན།། ཟློག་པར་མི་ནུས་སྟོབས་ལྡན་པས།། མི་རྣམས་ཀྱིས་ནི་འདྲེན་པར་བྱེད།། སྡུག་པ་དང་ནི་འདུ་འགྱུར་ལ།།
233a7 རྣམ་པ་ཀུན་དུ་འབྲལ་བར་འགྱུར།། དེ་ནི་རིག་ནས་ལྷ་མཆོག་གི།། བག་མེད་རྣམས་ལ་ཆགས་མ་བྱེད།། དབང་པོ་རྟག་ཏུ་འདོད་རྣམས་ཀྱིས།། འདིར་ནི་ནམས་ཀྱང་ངོམས
233a8 མི་མྱོང་།། ཇི་ལྟར་མེར་ནི་མར་ལུགས་བཞིན།། སྲེད་པ་རྟག་ཏུ་འཕེལ་བར་འགྱུར།། འདི་ལྟར་སྒོ་རྣམས་སྣ་ཚོགས་ཀྱིས།། སྲེད་པའི་འཇིག་རྟེན་འཇིག་བྱེད་པ།