| e-texts navigator |
| Wylie |
232b1 འདི་ལྟར་བཅོམ་ལྡན་འདས་དེ་ངེས་པར་སྐྱེ་བོའི་མིག་ཡིན་ཏེ།
232b2 པའི་ཡིད་རབ་ཏུ་གསལ་བས།། བཅོམ་ལྡན་འདས་དེ་ཉིད་ལ་ཕྱག་འཚལ་ལོ།། དེས་ཡུན་རིངས་དུ་བག་ཡོད་པ་སྔགས་ཤིང་།། བག་མེད་པ་སྨད་ནས་ཡང་ལྷ་དེ་དག་ག་ལ་བ
232b3 དེ་ཉིད་དུ་སོང་ངོ་།། དེ་ནས་ལྷ་རྣམས་ཀྱང་བརྒྱ་བྱིན་དེ་མཐོང་ནས།། དེ་དག་གུས་པས་རིང་ཐབས་སུ་བརྒྱ་བྱིན་ག་ལ་བ་དེར་དོང་ངོ་།། དེ་ནས་རྒྱ་བྱིན་གྱིས་ཀྱང་དེ་དག་གི་ནང་དུ
232b4 ཚིགས་སུ་བཅད་པ་དེ་དག་སྨྲས་པ།། འདི་ལྟར་ཚིགས་སུ་བཅད་པ་འདི་དག་ནི་བདག་ཅག་ལ་ཕན་པ་དང་བདེ་བའི་ཕྱིར་ཏེ། བཅོམ་ལྡན་འདས་དོན་འཛད་པར་གཞེད་པར
232b5 དེས་བྲིས་པ་ཡིན་ནོ།། དེ་དག་ཐོས་ནས་ཡིད་རབ་ཏུ་དང་བའི་ལྷ་དེ་དག་ཀུན་ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འདི་སྐད་ཀྱང་སྨྲས་ཏེ། ངེས་བདག་ཅག་གི་དོན་དུ
232b6 ཚིགས་སུ་བཅད་པ་འདི་དག་གསུངས་པ་ལྟར་ཞེས་སྨྲས་ནས། དེ་དག་དེ་ནས་ཡུན་རིང་ཞིག་ཏུ་ཤིན་དུ་བག་ཡོད་པར་གྱུར་ཏོ།། དེ་ནས་གཞན་ཡང་ལྷ་དག་གི་སིལ་སྙན་དང
232b7 རོལ་མེའི་སྒྲ་དབྱངས་རྣམ་པ་མང་པོ་དག་བླངས་པ་དང་། དེ་ནས་ལྷ་དེ་དག་གིས་འདི་ལྟར་འདི་དག་ནི་ཞིབ་དུ་སྤྱོད་པའི་ལྷ་དག་བསྐྱེད་མོས་ཚལ་དུ་དགའ་སྤྱོད་བྱེད་དུ་འདོད་སྟེ།
232b8 གནས་འདིར་འོང་ཞིང་སིལ་སྙན་དང་རོལ་མེའི་སྒྲ་དབྱངས་སྣ་ཚོགས་ཉེ་བར་ལེན་ལ། ལྷ་མོའི་ཚོགས་རྣམ་པ་དུ་གླུ་དབྱངས་ལེན་ཞིང་འདིར་འོང་ངོ་སྙམ་དུ་དེ་དག་གི་རིག་ནས།
232b9 གང་ལྷ་དེ་དག་བསྐྱེད་མོས་ཚལ་དུ་དགའ་སྤོང་བྱེད་དུ་འདོད་པར་བདག་ཅག་ཀྱང་དེ་དག་གི་དྲུང་ཉིད་དུ་ངེས་པར་འདོང་བར་བྱའོ་སྙམ་མོ།། དེ་ནས་དེ་ལྟར་རིག་ནས་བག་མེད