e-texts navigator
Collection
Volume
Page
Wylie

232a1 བདག་ལ་ཕན་པར་བྱེད་པ་ཡིན།། ཤིན་དུ་ཏུལ་བའི་ཡིད་ཀྱིས་ནི།། ལྷ་རྣམས་གདུང་བར་མི་འགྱུར་རོ།། ཡིད་ཀྱི་བདེ་གླང་དག་དང་།
232a2 འཇིག་རྟེན་འདས་པའི་འདོད་པ་གང་།། དེ་དག་བབ་མེད་པ་ཡིས་འཇིག། དེ་བས་དེ་ནི་ཡོངས་སུ་སྤོངས།། བག་མེད་བདུད་རྩིའི་བཞི་ཡིན་པ།། བག་མེད་འཆི་བའི
232a3 བཞིན་ཡིན་ཏེ།། བག་ཡོད་པས་ནི་མི་འཆི་ཞིང་།། ངག་མེད་པས་ནི་རྟག་ཏུ་འཆི།། བག་ཡོད་པས་ནི་ལྷ་རྣམས་ཀྱི།། གཙོ་བོ་མཆོད་དང་ལྡན་པར་འགྱུར།། བག
232a4 ཡོད་འཁོར་བའི་བཞི་ཡིན་ལ།། བག་ཡོད་འཁོར་བའི་ཕ་རོལ་འགྲོ།། དེ་ལྟ་བས་ནས་བག་མེད་སྤོང་།། ཐམས་ཅད་དུ་ནི་ལྡེ་སྔོན་གང་།། གང་ཞིག་རྟག་ཏུ་འ
232a5 འདོད་ཅིང་།། སྡུག་བསྔལ་ལ་ནི་འཇིགས་པ་གང་།། བག་མེད་མི་ལ་དུག་དང་འདྲ།། དེའི་བག་མེད་རྣམ་པར་སྤོང་།། སྐྱེ་བོ་བྱས་པ་ངན་བྱས་པ།། བག་མེད་ཉིད
232a6 ལ་མངོན་དགའ་བ།། བག་མེད་དུག་གི་རྨོངས་པ་རྣམས།། གཡང་སར་རབ་ཏུ་ལྟུང་བར་འགྱུར།། བག་ཡོད་གཞན་དུ་ལེགས་པར་འགྱུར།། བག་མེད་ལྟ་བ་ག་ལ
232a7 ཞིག། བག་ཡོད་པ་ཡིས་བདེ་འགྱུར་བ།། བག་མེད་པས་ནི་སྡུག་བསྔལ་ཏེ།། བདེ་དང་སྡུག་བསྔལ་རྣམས་བཞི་དག། ཐམས་ཅད་བདུས་ཏེ་བཤད་པ་ཡིན།།
232a8 ཡོན་ཏན་སྐྱོན་དག་རྣམ་ཤེས་གང་།། དེ་ནི་གང་བཟང་ལེན་པར་བྱེད།། དེ་ནས་བརྒྱ་བྱིན་གྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས།། དེ་ནས་ཡང་གུས་པ་ཆེན་པོ་སྐྱེས།




iiif viewer powered by OpenSeadragon

231b - 232b

Texts on this page

F230 - 'phags pa dam pa'i chos dran pa nye bar gzhag pa