| e-texts navigator |
| Wylie |
231b1 པ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ལྷ་དེ་མངོན་པར་མཐོང་ནས་རིམ་འགྲོ་བྱས་ཤིང་། འདི་ཚིགས་སུ་བཅད་དེ་སྨྲས་པ།། འདི་དག་ལེགས་བྱས་འབྲས་བུ་སྟེ།།
231b2 ད་ལྟ་ལེགས་པར་གནས་པ་ཡིན།། དེ་ནི་ཟད་ནས་ལྷ་ཡུལ་དུ།། ཁྱོད་ནི་ལོག་པར་ལྟུང་བར་འགྱུར།། ལས་ཀྱི་ཉམས་ཏེ་ལྟུང་བ་དག། གང་དང་གང་དུ་སྐྱེ་འགྱུར
231b3 གང་།། དེ་ནི་ཕྱིས་ནི་གདུང་མེད་པར།། ཁྱོད་ཀྱིས་དེ་ལྟར་བྱས་པ་ཡིན།། བདེ་བ་སེམས་ནི་ཆགས་གྱུར་ཅིང་།། བག་མེད་པ་ཡིས་ཉམས་གྱུར་ནས།། མ་བྱས།
231b4 བདུད་ཀྱི་དབང་གྱུར་པ།། ལྷ་རྣམས་སེམས་ཅན་དམྱལ་བར་འགྲོ།། ཅིག་གི་ལྟུང་བ་མཐོང་ནས་སུ།། སྐྱེ་བོ་ཅི་སྟེ་ཡིད་མི་འབྱུང་།། བདག་ཀྱང་ལྟུང་བ་འདི
231b5 དག་གིས།། རྣམ་པ་ཀུན་དུ་ལྟུང་དུ་དོགས།། གང་ཞིག་རིང་ནས་འཇིགས་མཐོང་དེ།། སྒྲུབ་པ་དག་ལ་འབད་མེད་པར།། དེ་ནི་འཆི་བའི་དུས་ཀྱི་ཚེ།། གནོད
231b6 དང་བྲལ་ཏེ་འཇིགས་པ་མེད།། གང་ཞིག་རིང་ནས་བག་མེད་པས།། བློ་ནང་འཇིགས་པར་མི་སེམས་དཔའ།། ཕྱིས་ནས་ཉོན་མོངས་བྱུང་ཚེ་དེ།། བྱིས་ནས
231b7 གདུང་བསྲེག་པར་འགྱུར།། ལྷ་ཡུལ་ནས་ནི་ངེས་པར་གོ།། ཀུན་ནས་དངོས་པོ་ལྷུང་བར་འགྱུར།། འདོད་པའི་དབང་གྱུར་དེ་རིག་ན།། འདི་ལ་ནམས་ཀྱང་ལྷུང
231b8 བ་མེད།། སེམས་ཅན་འདོད་པས་སྨྲས་པ་དང་།། འདོད་པས་རྣམ་པས་རྨོངས་པ་དག། དེ་དག་རྟག་ཏུ་དམྱལ་བར་ལྟུང་།། རྟག་ཏུ་ཉོན་མོངས་འདི་རིག་ནས།