e-texts navigator
Collection
Volume
Page
Wylie

230b1 ཐོས་སོ།། དེ་ནས་དེ་དག་གིས་ཀྱང་ཆུ་འབབ་པའི་སྒྲ་མངོན་པར་རྟགས་ནས་ཆུ་འགྲམ་དེ་དག་ན་ལྷ་དང་ལྷ་མོའི་ཚོགས་ཀྱིས་སྐོར་བ་དེ་དག་དགའ་བར་བྱེད་རྩེ་བར་བྱེད་དགའ
230b2 འགུར་སྤྱོད་པར་བྱེད་ལ། ཚལ་དང་ཉེ་བའི་ཚལ་དག་ན་ཡང་མཆོག་ཏུ་བདེ་བ་མྱོང་བར་བྱེད་དོ།། དེ་ནས་ཡང་འདོད་པ་ལྔ་ལས་བྱ་བའི་བདེ་བ་མྱོང་བར་བྱེད་ལ། ཡང
230b3 དཔག་བསམ་ཀྱི་ཤིང་གི་དྲུང་དུ་རྒྱུག་པར་བྱེད་དོ།། ཤིང་དེ་དག་ཀྱང་མངོན་པར་མཐོང་སྟེ། ཁ་ཅིག་ནི་ཟླ་བའི་འོད་ལྟར་ལྷན་པར་དད། ཁ་ཅིག་ནི་ཉི་མའི་འོད་ལྟར
230b4 གསལ་བ་ཡིན་ཏེ། ཤིང་དེ་རྣམས་ཀྱི་དྲུང་དག་ཏུ་ཡང་ལྷ་དེ་རྣམས་ཀྱིས་སྐོར་ནས་དགའ་བར་བྱེད། རྩེ་བར་བྱེད་དགའ་འགུར་སྤྱོད་པར་བྱེད་ལ་ཡུལ་ལྔའི་བདེ་བ་རྣམ
230b5 བ་དུ་མ་མྱོང་བར་བྱེད། འདོད་པའི་བདེ་བ་གང་རྗོད་པར་ཡང་མི་ནུས། དེ་དཔག་གསམ་གྱི་ཚལ་དེར་ཡང་བདེ་བ་རྣམ་པ་མང་པོ་དུ་མ་མྱོང་ནས། པདྨའི་ཚལ་བྱ
230b6 རང་བ་དང་ངུར་པ་དང་། ཀ་རན་དྷ་བས་རྒྱན་པ་ག་ལ་བ་དེར་བརྒྱ་བྱིན་བཞིན་དུ་མཆོག་ཏུ་དགའ་བའི་ལྷ་ཐམས་ཅད་ཀྱིས་ཡོངས་སུ་སྐོར་བའི་ལྷ་དེ་ཡང་ཡིད་རབ་ཏུ
230b7 དགའ་བས་འདོད་པར་བྱེད་དོ། དེ་ནས་དེར་ཡང་ལྷའི་འདོད་པའི་བདེ་བ་སྤྱད་ནས་རི་བོའི་རྩེགས་ཞེས་བྱ་བ་རིའི་རྩེ་མོ་ག་ལ་བ་དེར་འདོང་བར་བྱེད་དེ་གླུ་ལེན་བྲོ་དང་།
230b8 འཛུམ་ཞིང་སྒེག་པའི་ལྷ་དང་ལྷ་མེའི་གྲོགས་སུ་གྱུར་པ། ཕན་ཚུན་ཡིན་ཚུགས་པ། གཅིག་ལ་ཅིག་གནོད་པ་མེད་པ། སྙིང་དུ་སྡུག་པ་རྣམས་ཤིན་དུ་བདེ་བ་མང།




iiif viewer powered by OpenSeadragon

230a - 231a

Texts on this page

F230 - 'phags pa dam pa'i chos dran pa nye bar gzhag pa