| e-texts navigator |
| Wylie |
19b1 ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་ཡུལ་སྤོང་བྱེད་ན། ལྗོངས་རྒྱུ་ཞིང་གཤེགས
19b2 པ་དང་། གྲོང་སྒྲིལ་བུ་ཅན་དུ་བྱོན་ཏོ།། གྲོང་སྤྱིལ་བུ་ཅན་གྱི་གྲོང་གི་བྱང་ཕྱོགས་ཀྱི་ཤིང་ཤ་བའི་ཚལ་ན། དགེ་སློང་གི་དགེ་འདུན
19b3 ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ
19b4 སློང་དག་ནི་ཚུལ་ཁྲིམས་སོ།། འདི་ནི་ཏིང་ངེ་འཛིན་ཡིན་ནོ།། འདི་ནི་ཤེས་རབ་ཡིན་ནོ།། དགེ་སློང་དག་ཚུལ་ཁྲིམས་གོམས་པར་བྱས་ན།
19b5 ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པར་འགྱུརརོ།། ཏིང་ངེ་འཛིན་ལ་གོམས་པར་བྱས་ན། ཤེས་རབ་འཐོབ་པར་འགྱུར་རོ།། ཤེས
19b6 རབ་གོམས་པར་བྱས་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་ལས་སེམས་ཅན་ཡང་དག
19b7 པར། ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ།། དེ་ལྟར་ཡང་དག་པར་ཁོ་ནར་གྲོལ་བའི་འཕགས་པ་ཉན་ཐོས་ཀྱིས་ནི། བདག་གི་ཟག་པ
19b8 ནི་ཟད་དོ།། ཚངས་པར་སྤྱོད་པ་ནི་སྟོན་ཏོ།། བྱ་བ་ནི་བྱས་སོ།། འདི་ལས་སྲིད་པ་གཞན་མི་ཤེས་སོ།། ཞེས་ཡང་དག་པ་ཁོ་ནར