| e-texts navigator |
| Wylie |
237b1 རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པའི་སྟོབས་དང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། ཉེས་པ་ལས་བཟློག་པའི་སྟོབས་དང་བརྟེན་གྱི་སྟོབས་སོ།། དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ
237b2 ནི་མི་དགེ་བའི་ལས་སྤྱོད་ན་དེ་ལ་འགྱོད་པ་མེད་པ་ཡིན་ནོ།། དེ་ལ་གཉེན་པོ་ཀན་ཏུ་སྐྲོད་པ་ནི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ།། དེ་ལ་ཉེས་པ་ལས་བཟློག་པའི་སྟོབས
237b3 ནི་སྡོམ་པ་ཡང་དག་པར་བླངས་པས་མི་བྱེད་པའི་སྡོམ་པའོ།། དེ་བརྟེན་གྱི་སྟོབས་ནི་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ།
237b4 དེ་སྟོབས་དང་ལྡན་པ་ལ་བརྟེན་པས་སྡིག་པས་ཟིལ་གྱིས་ནོན་པར་མི་ནུས་སོ།། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། སྡིག་པ་བྱས་ཤིང་བསགས
237b5 བཟིལ་གྱིས་གནོན་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མདོ་འདི་རྟག་ཏུ་ཀླག་པར་བྱའོ།། ཁ་ཏོན་བྱའོ།། བསྒོམ་པར་བྱའོ།། མང་དུ་བྱའོ།། དེས་ན་ཉེས
237b6 པར་སྤྱད་པས་འབྲས་བུ་འབྱིན་མི་ནུས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དགེ་སློང
237b7 དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། བརྒྱ་བྱིན་ལ་སོགས་པ་ལྷའི་བུ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ
237b8 མངོན་པར་བསྟོད་དོ།། འཕགས་པ་ཆོས་བཞི་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།