| e-texts navigator |
| Wylie |
184b1 བཏགས་སོ།། ཚེ་དང་ལྡན་བཀོའུ་དི་ནྱས་ཆོས་ཀུན་ཤེས་སོ།། ས་བླའི་གནོད་སྦྱིན་རྣམས་སྒྲ་སྒྲོགས་པར་བྱེད་དེ། གྲོགས་པོ་དག་བཅོམ་ལྡན་འདས་ཀྱི་བ་རན་སེར
184b2 གྲོང་ཁྱེར་སྨྲ་བ་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་ངམ་བྲམ་ཟེ་འམ། ལྷ་འམ
184b3 བདད་དམ་ཚངས་པ་འམ་སུས་ཀྱང་འཇིག་རྟེན་ན་ཆོས་དང་མཐུན་པར་མ་བསྐོར་བར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་རྩེ
184b4 བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་བསྐོར་བས་ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངས་སུ་ཉམས་སོ་ཞེས
184b5 དབྱངས་སྒྲགས་སོ།། ས་སླའི་གནོད་སྦྱིན་རྣམས་ཀྱིས་སྒྲ་ཐོས་ནས། ནམ་མཁའ་ལ་རྒྱུ་བའི་གནོད་སྦྱིན་དང་རྒྱལ་ཆེན་བཞི་པའི་རིས་དང་། སུམ་ཅུ་རྩ་གསུམ
184b6 པའི་ལྷ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ན། སྐད་ཅིག་དེ་དང་། ཐང་ཅིག་དེ་དང་།
184b7 ཡུད་ཙམ་དེ་དང་། ཐང་ཅིག་དང་། ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲོགས་སོ།། ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་སྒྲ་སྒྲོགས་པར་བྱེད་དོ།།
184b8 གྲོགས་པོ་དག་བཅོམ་ལྡན་འདས་ཀྱི་བ་ར་ན་སེར་དྲང་སྲོང་སྨྲ་བ་རི་དགས་ཀྱི་གནས་སུ་ལན་གསུམ་བཟླས་ཏེ། རྣམ་པ་བཅུ་གཉིས་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ།