| e-texts navigator |
| Wylie |
182b1 རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། ད་ན་ཤཱི་ལ་དང་། མུ་ནེ་བར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་སྦྱར་ཅིང་ཞུས་ཏེ། སྐད་གསར་ཅད་ཀྱིས་བཅོས་ནས
182b2 ག་ཏན་ལ་ཕབ་སྟེ། ཆོས་ཀྱིས་ཕྱག་རྒྱས་བཏབ་པའོ།། ཨོཾ་ཡེ་དྷརྨ་ཧེ་ཏ་པྲ་བྷ་བ་ཧེ་དུན་ཏེ། ཥན་ཏ་ཐཱ་ག་ཏོ།། ཧེ་བ་དད་ཏེ། ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་ཏི་མ་ཧཱ་ཤྲ་མ་ན
182b3 ཡེ་སྭཱ་ཧ།།
182b4 རྒྱ་གར་སྐད་དུ། དྷརྨ་ཙག་ཀྲ་སུ་ཏྲ། བོད་སྐད་དུ། ཆོས་ཀྱི་འཁོར་ལོའི་མདོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚའོ།།
182b5 འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སངས་རྒྱས་བཅོམ་ལྡན་འདས་བ་ར་ན་སེ་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ
182b6 སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག
182b7 སྐྱེས་སོ།། ཤེས་པ་དང་། རིག་པ་དང་བློ་དང་། རྟོགས་པ་སྐྱེས་སོ།། དགེ་སློང་དག་ངས་སྔོན་མ་ཐོས་པའི་མདོ་སྡེ་རྣམས་ལ། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།།
182b8 འདི་ནི་སྡུག་བསྔལ་འགོག་པའོ།། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཚུལ་བཞིན་ཡིད་བྱེད་པ་ན། མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་། བློ་དང་རྟོགས