| e-texts navigator |
| Wylie |
65a1 གྲོང་གི་གཅ་བོ་ཁྱེད་དག་ཀྱི་ཧུད་འདི་ནི་གསེར་མདོག་གི་སྦྱིན་པ་གཏོང་མཐའ་མ་ཡིན་ཏེ། རྗེསུ་ཡི་རང་བར་གྱིས་ཤིག། དགེ་བའི་རྩ་བ་འདིས།
65a2 འཛམ་བུ་གླིང་གི་མི་ཐམས་ཅད་ཀྱི་དབུལ་བ་ཡང་དག་པར་གཅོད་པར་གྱུར་ཅིག། དེ་ནས་རྒྱལ་པོ་གསེར་མདོག་གི་ཟས་བྲེའུ་རླུང་གང་ཡོད་པ་དེ། བཅོམ་ལྡན་འདས་རང
65a3 སངས་རྒྱས་དེའི་ལྷུང་བཟེད་བླུགས་ནས། བཅོམ་ལྡན་འདས་རང་སངས་རྒྱས་དེའི་ལག་པར་ལྷུང་བཟེད་བྱིན་ནོ། གང་སྤངས་རྒྱས་ཀྱི་ལུས་ཀྱིས་ཆོས་སྟོན་པ་ནི་ཆོས
65a4 ཉིད་དེ། ཚིག་གིས་ནི་མ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེས་རྒྱལ་པོ་གསེར་མདོག་གི་བསོད་སྙོམས་བླངས་ནས། འདི་ལྟར་རྫ་འཕྲུལ་གྱིས་ནམ
65a5 མཁའ་ལ་སོང་ངོ་།། དེ་ནས་རྒྱལ་པོ་གསེར་མདོག་དེ་ཐལ་མོ་སྦྱར་ནས་མིག་རྒྱང་གིས་སོང་དག་གི་བར་བུ་མིག་མི་འཛུམ་པར་བལྟས་སོ།། དེ་ནས་རྒྱལ་པོ་གསེར་མདོག
65a6 གིས་རྩིས་པ་དང་སྣ་ཆེན་པོ་ལ་གཏོགས་པ་དང་བློན་པོ་དང་སྒོ་བ་དང་འཁོར་རྣམས་བོས་ནས་འདི་སྐད་ཅེས་སྨྲས་སོ།། གྲོང་གི་གཙོ་བོ་དག་རང་རང་གི་ཇི་ལྟ་བ་བཞིན
65a7 དེངས་ཤིག་ཁངས་བཟང་འདིར་དཀྲེས་པ་དང་སྐོམ་པས་འཆི་བའི་དུས་མ་བྱེད་ཅིག། དེ་དག་གིས་སྨྲས་པ། གང་གི་ཚེ་ལྷའི་དཔལ་དང་སྐུའི་དཔལ་དང་ལྡན་པར་གྱུར་པ
65a8 དེའི་ཚེ། བདག་ཅག་ལྷའི་ཞས་རིང་ན་རྩེ་ཞིང་དགའ་ལ་སྤྱོད་ལགས་ནི། འདི་ལྟ་སྟེ་བདག་ཅག་ལྷའི་དུས་ཕྱི་མ་དང་། དུས་ཚེད་ཕྱི་མ་ཡོངས་སུ་གཏོང་བ་ག་ལ་ཞིག