e-texts navigator
Collection
Volume
Page
Wylie

60b1 སེར་སྣའི་སེམས་ཀྱི་དྲི་མ་སྐྱེས་པས། ཀུན་ནས་དཀྲིས་ཏེ་འདུག་གོ།། ཀུན་ནས་དཀྲིས་དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོ་གསེར་མདོག་ཅེས
60b2 བྱ་བ་གཟུགས་བཟང་བ། མཛེས་པ་ལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བྱུང་ངོ་།། རྒྱལ་པོ་གསེར་མདོག་དེ་ཕྱུག་ཏེ་ནོར་མང་བ། ལོངས་སྤྱོད
60b3 ཆེ་ཞིང་། བདག་དབང་བ་མང་བ་དང་། དབྱིག་དང་ཡེ་བྱད་མང་བ་དང་། ནོར་དང་འབྲུ་དང་། ནོར་བུ་དང་། མུ་ཏིག་དང་མེན་ཤེལ་དང་། བྱི་རུ་མང་བ་དང་། གསེར་དང་དངུལ
60b4 དང་། གླང་པོ་ཆེ་དང་། རྟ་དང་བ་ལང་དང་། རྟ་རྒོད་མང་བ་དང་། མཛོད་དང་བང་བས་ཡོངསུ་གང་བ་རྒྱལ་པོ་གསེར་མདོག་གི་ཕོ་བྲང་། གྲོང་ཁྱེར་གསེར་ཅན་ཞེས་བྱ་བར
60b5 བཏགས་ཏེ། ཆུར་ནི་དཔག་ཚད་ཤར་ནས་ནུབ་ཏུ་དཔག་ཚད་བཅུ་གཉིས་ཡོད་དོ།། ཞེང་ནི་ལྷོ་ནས་བྱང་དུ་དཔག་ཚད་བདུན་ཡོད་དོ།། འབྱོར་པ་དང་། རྒྱས་པ་དང་། བདེ
60b6 བ་དང་། ལོ་ལེགས་པ་དང་ཉམས་དགའ་ཞིང་སྐྱེ་བོ་དང་མི་མང་པོ་རྣམས་ཀྱིས་གང་ངོ་།། རྒྱལ་པོ་གསེར་མདོག་ལ་གྲོང་ཁྱེར་བརྒྱད་ཁྲི་ཡོད་དེ་འབྱོར་པ་དང་།
60b7 རྒྱས་པ་དང་འདེ་བ་དང་ལོ་ལེགས་པ་དང་། ཉམ་དགའ་ཞིང་སྐྱེ་བོ་དང་མི་མང་པོ་རྣམས་ཀྱིས་གང་ངོ་།། གྲོང་ས་ཡ་ཕྲག་ལྔ་བདུན་འདུན་ཡོད་དེ།། འབྱོར་པ་དང
60b8 རྒྱས་པ་དང་། བདེ་བ་དང་ལོ་ལེགས་པ་དང་། ཉམས་དགའ་ཞིང་སྐྱེ་བོ་དང་། མི་མང་པོ་རྣམས་ཀྱིས་གང་ངོ་།། རི་ཡོད་པ་དྲུག་ཁྲི་ཡོད་དོ།། འབྱོར་པ་དང་བརྒྱས་པ




iiif viewer powered by OpenSeadragon

60a - 61a

Texts on this page

F169 - gser mdog gi sngon gyi sbyor ba zhes bya ba